ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༢༩ རེས་གཟའ་མིག་དམར།
༄༅།། དབུས་སྣེ་ལེན་འབྲེལ་མཐུད་ཁང་དུ་ཁ་ལོ་བ་གཅིག་གི་ས་མིག་སྟོང་པ་ཡོད་ན། གཤམ་གསལ་ཆ་རྐྱེན་ཚང་ཞིང་འཛུལ་ཞུགས་བྱ་འདོད་ཡོད་རིགས་དབུས་སྣེ་ལེན་འབྲེལ་ མཐུད་ཁང་དུ་ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༥ འགྱངས་མེད་དབུས་སྣེ་ལེན་འབྲེལ་མཐུད་ཁང་གི་འགན་འཛིན་མཚན་ཐོག་འཚང་སྙན་འབུལ་ དགོས་པའི་གསལ་བསྒྲགས་སུ།
ཀ༽ ས་མིག ཁ་ལོ་བ་གཅིག
ཁ༽ མཐུན་རྐྱེན། ལས་བྱ་ཁ་ལོ་བ་སྤྱི་མཚུངས་ཀྱི་མཐུན་རྐྱེན་ཐོབ་རྒྱུ་ཡང་། རྒས་ཕོགས་དང་གཟིགས་གསོལ་མཐུན་རྐྱེན་མེད། ཚོད་བལྟའི་དུས་ཡུན་ཟླ་དྲུག་རིང་སྨན་དོད་ཀྱི་ཐོབ་ཐང་མེད་ཀྱང་ཚོད་བལྟའི་རྗེས་ ལས་བྱེད་སྤྱི་མཚུངས་ལྟར་སྨན་བཅོས་ཉེན་སྲུང་དོད་འབུལ་ན་སྨན་བཅོས་མཐུན་རྐྱེན་སྒྲིག་གསལ་ལྟར་ཐོབ་རྒྱུ།
ག༽ དགོས་ངེས་ཆ་རྐྱེན།
༡། ཤེས་མྱོང་། ཁ་ལོ་པའི་ལག་འཁྱེར་ཚད་ལྡན་ཐོག་ཉུང་མཐར་ལོ་བཞི་སྣུམ་འཁོར་བཏང་བའི་ཉམས་མྱོང་ཡོད་པའི་ངོས་སྦྱོར་ཚད་ལྡན་དགོས།
༢། ལོ་ཚད། ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༥ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༤༠ ལས་མ་བརྒལ་བ་དགོས།
ང༽ དམིགས་བསལ་གཟིགས་པ། སྣུམ་འཁོར་བཏང་བའི་ཉམས་མྱོང་ལ་ལོ་རེ་ཨང་ཀི་ ༡ རེ་འཕར་མ་འཐོབ་རྒྱུའི་ཐོག་གླ་རྒྱུག་སྣུམ་འཁོར་ (Taxi) གྱི་ལག་འཁྱེར་ཚད་ལྡན་ཡོད་པར་ཨང་ཀི་ ༢ རེ་འཕར་མ་འཐོབ་རྒྱུ།
གོང་གསལ་ཆ་རྐྱེན་ལྡན་རིགས་ནས་ཞུ་ཤོག་འཚང་སྙན་མཉམ་གཤམ་གསལ་ཡིག་ཆ་ཁག་འབུལ་དགོས།
༡། རང་ཉིད་ཀྱི་ད་ལྟའི་ཕྱེད་པར་ ༢ རེ་དང་།
༢། ཁ་ལོ་པའི་ལས་ཁུར་བྱས་པའི་ཉམས་མྱོང་གི་ངོས་སྦྱོར།
༣། ཁ་ལོ་པའི་ལག་འཁྱེར་གྱི་ངོ་བཤུས།
༤། འབུལ་འབབ་གཙང་འབུལ་ཟིན་པའི་དཔྱ་ཁྲལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་། གཉིས་པ། མཐའ་མ་བཅས་ཀྱི་ངོ་བཤུས།
༥། གནས་ཡུལ་རྒྱལ་ཁབ་ཏུ་གནས་སྡོད་ཆོག་པའི་ལག་འཁྱེར་ (RC) ཤོག་གྲངས་དང་པོ་དང་། གཉིས་པ། མཐའ་མ་བཅས་ཀྱི་ངོ་བཤུས།
༦། ཁྲིམས་མཐུན་སྐྱེས་ཚེས་ལག་འཁྱེར་ (Birth Certificate) རམ་འཛིན་རིམ་གང་ཐོན་གྱི་ལག་འཁྱེར་ནང་རང་ཉིད་ཀྱི་སྐྱེས་ཚེས་གསལ་བ་གང་རུང་གི་ངོ་བཤུས།
༧། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ ཡོད་ན་དང་། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་གཅོང་དང་འགོས་ནད་རིགས་མེད་པ་གཟུགས་བབ་ ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་(Medical Certificate) ཁ་གསར་སྟེང་རང་ཉིད་ཀྱི་འདྲ་དཔར་མཉམ་སྦྱར་ཐོག་སྨན་པའི་ལས་དམ་དང་། མཚན་རྟགས་འཁོད་པ་ངོ་མ།
༨། རང་ཉིད་གཏན་སྡོད་བྱ་ཡུལ་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་ (Character Certificate) ངོ་མ།
༩། གལ་སྲིད་ད་ལྟ་སྤྱི་སྒེར་སྡེ་ཚན་གང་རུང་ནང་ལས་ཀ་བྱེད་མུས་ཡིན་ཚེ་སྡེ་ཚན་ དེའི་འགན་འཛིན་ནས་དགག་ཆ་མེད་པའི་ངོས་སྦྱོར་ (No Objection Letter) ངོ་མ་བཅས་མཉམ་འབུལ་དགོས།
གོང་གསལ་ཡིག་ཆའི་ངོ་བཤུས་ཁག་ལ་འབྲེལ་ཡོད་ས་གནས་འགོ་འཛིན་ནམ། ཟུང་དྲུང་གནས་རིམ་ཡན་སུ་རུང་གི་དག་མཆན་ལས་དམ་ (Attestation) ཞུས་ཏེ་ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༥ ཉིན་རྒྱབ་ཚུད་ ༥ འགྱངས་མེད་རང་ཉིད་འབྲེལ་བ་གནང་བདེའི་སླད་ཁ་བྱང་ཁ་གསལ་དང་། ཁ་དཔར་ཨང་། གློག་འཕྲིན་ (email-id) སོགས་ཁ་གསལ་བཀོད་དེ་གཤམ་གསལ་ཁ་བྱང་ཐོག་ཕུལ་འབྱོར་ཟིན་པ་དགོས། གོང་གསལ་དུས་བཀག་རྗེས་འཚང་སྙན་ཕུལ་འབྱོར་རིགས་རྩིས་མེད་ཡིན། འཚང་སྙན་དུས་ཐོག་འབྱོར་རིགས་རྣམས་ལ་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་དང་འབྲེལ་འོས་ཆོས་ལྡན་པ་ཚོར་དུས་ཐོག་ཡིག་རྒྱུགས་བཏང་ཆེད་འབོད་བརྡ་ཡོང་རྒྱུར་ སྐབས་བསྟུན་ལག་འཁྱེར་སོགས་ཡིག་ཆ་ངོ་མ་ཁག་མཉམ་འཁྱེར་གྱིས་འབྱོར་ཐོ་འགོད་བཅར་ སྐབས་མིག་སྟོན་ངེས་པར་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། དབུས་སྣེ་ལེན་འབྲེལ་མཐུད་ཁང་ནས་ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༢༨ ལ། །
Address: Director
Office of the Reception Centre
P.O.Khanyara-176218
Distt.Kangra(H.P.)
email-id:[email protected] and Phone No.01892-246304