ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༣༠ རེས་གཟའ་ལྷག་པ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བར་ལམ་དབྱིན་ཡུལ་གྱི་རླབས་ཆེན་མཛད་འཆར་ཁག་ལེགས་པར་གྲུབ་རྗེས་ཨ་རི་མི་ནི་སུད་ཌར་མངའ་སྡེའི་ནང་གི་ Mayo Clinic སྨན་ཁང་དུ་རྒྱུན་ལྡན་གྱི་སྐུའི་འཕྲོད་བཞེས་ལ་བརྟག་དཔྱད་ལེགས་པར་གྲུབ་སྟེ། དེ་རིང་ཕྱི་ཟླ་ ༩ ཚེས་ ༣༠ ཉིན་རྒྱ་གར་གྱི་ཕྱི་དྲོའི་ཆུ་ཚོད་ ༧།༣༠ ཐོག་ ༼ཨ་རིའི་ཚེས་ ༣༠ སྔ་དྲོ་ཆུ་ཚོད་ ༩༽ས་གནས་བོད་རིགས་མང་ཚོགས་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་མཇལ་ཁ་དང་བཀའ་སློབ་བཀའ་དྲིན་སྩལ་རྒྱུའི་གོ་སྐབས་གསོལ་སྩལ་གནང་གཏན་འཁེལ་འདུག་པ་དེ་བཞིན་གཤམ་གྱི་དྲྭ་བྱང་ནས་ཐད་ཀར་རྒྱང་བསྲིང་གནང་རྒྱུ་ཡིན་འདུག་པས་དེ་དོན་དགོངས་འཇགས་ཞུ།
ཐད་ཀར་རྒྱང་སྲིང་གཟིགས་ཆེད་འདིར་གནོན། http://www.ustream.tv/channel/wjLq8pPC3Ev