༢༠༡༥ ཟླ་ ༨ ཚེས་ ༡༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་བ་ ༨ ཚེས་ ༡༧ ཉིན་འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་བར་གཞིགས་ན། ཕྱི་ཟླ་ ༨ ཚེས་ ༡༥ རེས་གཟའ་སྤེན་པའི་ཉིན། ཨ་མདོ་རྔ་བ་རྫོང་དུ་བུད་མེད་འོད་དཀར་ལགས་ཞུ་བ་ཞིག་གིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་ནང་ཕེབས་རྒྱུའི་རང་དབང་དགོས། ང་ཚོར་མི་རིགས་འདྲ་མཉམ་གྱི་ཐོབ་ཐབ་དགོས། ཞེས་རྨེ་རུ་མ་ཡུལ་ཚོའི་སྲང་ལམ་དུ་སྐད་འབོད་གནང་བར་བརྟེན། རྒྱ་ནག་གཞུང་གིས་འོད་དཀར་ལགས་འཛིན་བཟུང་བྱས་འདུག
འཛིན་བཟུང་བྱས་རྗེས་འོད་དཀར་ལགས་ས་གནས་གང་དུ་གནས་སྟངས་གང་འདྲ་ཞིག་གི་འོག་དོ་དམ་བྱས་ཏེ་གནས་ཡོད་མེད་ཀྱི་གནས་ཚུལ་ད་ལྟ་ཤེས་རྟོགས་ཐུབ་ཀྱི་མེད་པར་བརྟེན། ས་གནས་བོད་མི་དང་། ནང་མི་ཉེ་འབྲེལ་ཚོས་འོད་དཀར་ལགས་ཀྱི་གནས་སྟངས་ལ་སེམས་ཁྲལ་དང་སེམས་འཚབ་ཆེན་པོ་གནང་བཞིན་གནས་ཡོད་པའི་གནས་ཚུལ་ཐོན་འདུག །