༢༠༡༥ ཟླ་ ༨ ཚེས་ ༢༠ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༢༠ ཉིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཕྱི་ཚེས་ ༡༨ ཉིན་རྒྱུན་རིང་ནད་མནར་རྐྱེན་པས་འདས་གྲོངས་སུ་གྱུར་བའི་རྒྱ་གར་གྱི་སྲིད་འཛིན་སྐུ་ཞབས་པར་ནབ་མུ་ཁར་ཇི Pranab Mukherjee མཆོག་གི་ལྕམ་སྐུ་སུ་ཝ་རཱ་མུ་ཁར་ཇི་ Suvra Mukherjee མཆོག་འདས་གྲོངས་སུ་གྱུར་བར་མྱ་ངན་གུས་འདུད་དང་སྦྲགས་ཐུགས་གསོའི་འཕྲིན་ཡིག་ཅིག་ཕུལ་བའི་ནང་འཁོད་དོན། སྐུ་ཉིད་མཆོག་གི་ལྕམ་སྐུ་མཆོག་འདས་གྲོངས་སུ་གྱུར་བ་ཐོས་སྐབས་ང་རང་བློ་ཕམ་ཧ་ཅང་ཆེན་པོ་བྱུང་། ལྕམ་སྐུ་མཆོག་ནི་གཞས་མ་རྩེ་ཕུད་ཅིག་དང་།
དེ་བཞིན་རི་མོ་བ་དང་རྩོམ་པ་པོ་ཕུལ་བྱུང་གི་གྲས་ཤིག་ཡིན། ཡིན་ནའང་ལྕམ་སྐུ་མཆོག་གི་འབུར་དུ་ཐོན་པའི་ཡོན་ཏན་ཁག་ནི་སྐུ་ཉིད་མཆོག་དང་། སྐུ་ཉིད་མཆོག་གི་མི་མང་ཆེད་འགྱུར་མེད་དམ་བཅའ་བརྟན་པོས་ཕྱག་ལས་གནང་བ་དེས་མཚོན་ཐུབ། ང་ཚོས་སྐུ་ཉིད་ཀྱི་བྱས་རྗེས་རྣམས་ལྕམ་སྐུ་མཆོག་གིས་རྒྱབ་སྐྱོར་དང་ནུས་སྟོབས་ལ་བརྟེན་ནས་བྱུང་བར་སོང་གུས་བརྩི་ཞུ་རྒྱུ་དང་། མཐའ་དོན་ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་ཐག་པས་སྐུ་ཉིད་དང་སྐུ་ཉིད་ཀྱི་ནང་མིར་འཕྲད་པའི་སེམས་སྡུག་ཆེ་བའི་དུས་ཚོད་འདིར་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན། །
མ་ཡིག་ངོ་མ་དབྱིན་ཡིག་ཐོག་ཡོད་པས་དེར་རྩ་འཛིན་ཡོང་བ་ཞུ། །