༢༠༡༥ ཟླ་ ༨ ཚེས་ ༣༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༢༤ ནས་ ༢༩ བར་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱབ་ཁོངས་ནང་པའི་ཡུལ་གྲུ་བཞི་ཡོད་ཁོངས་ནས་ཐུ་ཝ་དང་བྷུ་རི་ཡ་ཏི་གཉིས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་འདུག
དེ་ཡང་གོང་གསལ་ས་གནས་གཉིས་སུ་སྐུ་ཚབ་དོན་གཅོད་ཀྱིས་ཤེས་ཡོན་མི་སྣ་དང༌། ནང་པའི་ཆོས་ཚོགས་ཀྱི་ཚོགས་མི། གཙུག་ལག་སློབ་གྲྭའི་དགེ་ལས་དང་སློབ་མ། དེ་བཞིན་ཁུལ་དེར་གནས་སྡོད་བོད་མི་ཉུང་ཤས་ཤིག་ཡོད་པ་རྣམས་དང་ཐུག་འཕྲད་ཀྱིས་དཔྱ་ཁྲལ་ལག་དེབ་ཀྱི་གལ་གནད་དང་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་ནང་མཉམ་ཞུགས་གནང་དགོས་སྐོར་སོགས་གསུངས་འདུག གཞན་ཡང་ཐུ་ཝར་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནས་སྐབས་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་དེ་མི་ཉམས་རྒྱུན་འཛིན་གནང་དགོས་སྐོར་གསུངས་འདུག ཕྱོགས་མཚུངས་ས་གནས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་མི་ཁག་གཅིག་དང་ཡང་མཇལ་འཕྲད་གནང་སྟེ་བོད་དོན་སྐོར་བཀའ་བསྡུར་གནང་འདུག