༢༠༡༥ ཟླ་ ༨ ཚེས་ ༡༤ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༡༣ དང་ ༡༤ བཅས་ཉིན་གྲངས་གཉིས་རིང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག རྒྱ་གར་ལྷོ་ཕྱོགས་མོན་གྷོ་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་མོན་གྷོ་གཏན་སློབ་ཏུ་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་བཞིན་ཡོད་འདུག དེ་ཡང་ཟབ་ཁྲིད་གནང་མཁན་ཕྱི་དྲིལ་ལས་ཁུངས་ཀྱི་ལས་བྱེད་ཚེ་རིང་དབང་ཕྱུག་ལགས་དང་བསྟན་འཛིན་བྱམས་ཆེན་ལགས་རྣམ་གཉིས་ཡིན་འདུག ཟབ་སྦྱོང་ཐོག་མོན་གྷོ་གཏན་སློབ་ཀྱི་འཛིན་རིམ་བཅུ་པ་ནས་བཅུ་གཉིས་ཀྱི་སློབ་མ་ཁྱོན་གྲངས་ ༢༠ མཉམ་ཞུགས་བྱས་འདུག
ཟབ་སྦྱོང་འདི་བཞིན་མོན་གྷོ་གཏན་སློབ་ཀྱི་རེཀ་ཊར་ལྷག་པ་ཆོས་སྒྲོན་ལགས་ཀྱིས་དབུ་འབྱེད་གནང་བ་དང་སྦྲགས་གསུང་བཤད་གནང་། དེ་རྗེས་ཕྱི་དྲིལ་ལས་ཁུངས་ཀྱི་ཟུང་དྲུང་ཚེ་རིང་དབང་ཕྱུག་ལགས་ཀྱིས་ཟབ་སྦྱོང་ངོ་སྤྲོད་ཀྱི་གསུང་བཤད་གནང་རྗེས་ཟབ་སྦྱོང་དངོས་གཞི་དབུ་འཛུགས་གནང་ཡོད།