༢༠༡༥ ཟླ་ ༨ ཚེས་ ༢༦ རེས་གཟའ་ལྷག་པ། ༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༥ ཟླ ༨ ཚེས ༢༦ ཉིན་ནང་ཆེན་རྫོང་ཉག་ལ་ཡུལ་ཚོ་ཆུ་སྨད་གྲོང་ཚོའི་མི་མང་གིས་ཞུ་གཏུགས་རྔམ་སྟོན་ཁྲོམ་སྐོར་བྱས་འདུག ནང་ཆེན་རྫོང་དབུལ་སྐྱོར་ལས་ཁུངས་ཀྱིས་ཉག་ལ་ཡུལ་ཚོ་ཆུ་སྨད་གྲོང་ཚོ་ལ་འཛུགས་སྐྲུན་གྱི་ལས་གཞི་ཞིག་ཡོད་ཀྱང་། གྲོང་ཚོ་དེ་ནས་ས་གནས་གཞན་དུ་ཞོར་ལས་བྱེད་དུ་བསྐྱོད་མཁན་རྣམས་དང་བུ་ཕྲུག་རྣམས་ལ་སློབ་སྦྱོང་སྤྲོད་ཆེད་རྫོང་གྲོང་དང་ཁུལ་ཐོག་སོགས་སུ་གནས་སྤོས་བྱས་པའི་དུད་ཁྱིམ་བརྒྱ་ལྷག་ལ་སྡོད་ཁང་སོགས་འཛུགས་སྐྲུན་གྱི་ཐོབ་ཐང་མ་རག་པར་སོང་། དེ་རིང་རྫོང་སྲིད་གཞུང་ལ་ཞུ་གཏུགས་བྱས་འདུག ད་ལྟ་རང་གནས་ཚུལ་འབྱོར་བ་ལྟར་ན། མི་མང་སྣེ་ཁྲིད་པ་བཅུ་ཙམ་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་འདུག
གསར་གནས།
འབྲེལ་གནས།