༢༠༡༥ ཟླ་ ༧ ཚེས་ ༧ རེས་གཟའ་མིག་དམར།
༄༅། །དབུས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་སྡེ་ར་ལྡུན་མངོན་དགའ་བོད་ཕྲུག་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭར་དགེ་རྒན་གཅིག་གི་ས་སྟོང་ཡོད་ན། གཤམ་གསལ་ཆ་རྐྱེན་ཚང་ཐོག་ཞུགས་བློ་ཡོད་མཁན་རྣམས་ནས་ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༡༠ དགོང་དྲོ་ཚོུད་ ༥ འགྱངས་མེད་འདི་གར་འཚང་སྙན་འབུལ་ཐུབ་པ་དགོས།
དགོས་ངེས་ཆ་རྐྱེན་ཚང་དགོས་ཁག
༡ ཉུང་མཐར་འཛིན་རིམ་ ༡༢ འཐོན་པའི་སྟེང༌། B.Ed. (Special Education) ཡང་ན། Post Graduate diploma in Special Education ཡང་ན། Diploma or Certificate course in Special Education ཡང་ན། Primary or Pre-primary Teacher’s Training ཡང་ན། མཐོ་སློབ་ (BA, Bcom) ཡང་ན། དམིགས་བསལ་སློབ་གྲྭར་ལས་མྱོང་ཡོད་པ་བཅས་གང་རུང་འཐོན་པའི་ལག་འཁྱེར་ཡོད་པ།
༢ དབང་པོ་སྐྱོན་ཅན་གྱི་ཕྲུ་གུ་རྣམས་ལ་བྱམས་བརྩེ་དང་ལྡན་པའི་ཐོག་ཞབས་ཞུའི་ཆོད་སེམས་ཡོད་པ།
༣ རྒྱལ་དོན་དཔྱ་དངུལ་དུས་འབུལ་ཞུ་བཞིན་པའི་ལག་དེབ་ཀྱི་འབྲེལ་ཆགས་ཤོག་གྲངས་སོ་སོའི་ངོ་བཤུས།
༤ གནས་ཡུལ་རྒྱལ་ཁབ་ནང་ཁྲིམས་མཐུན་སྡོད་ཆོག་པའི་ལག་དེབ་ཀྱི་འབྲེལ་ཆགས་ཤོག་གྲངས་སོ་སོའི་ངོ་བཤུས།
༥ གཟུགས་གཞི་བདེ་ཐང་ལས་འཕེར་ཡིན་པའི་རང་གཞུང་གི་སྨན་པ་ཚད་ལྡན་ནས་ངོས་སྦྱོར་ངོ་མ།
༦ རང་ལོ་ ༤༥ ལས་མ་བརྒལ་བ། སྐྱེས་ཚེས་ལག་འཁྱེར་ཡོད་ན་དང་དེ་མིན་ཁུངས་སྐྱེལ་ཆེད་ཡིག་ཆ་གཞན་གྱི་ངོ་བཤུས།
༧ རང་ལོ་ ༥ མན་གྱི་ཕྲུ་གུ་མཉམ་སྦྱར་མེད་པ།
༨ ད་ལྟ་ལས་ཀ་བྱེད་མུས་ཡིན་ཚེ་འབྲེལ་ཡོད་ནས་དགག་བྱ་མེད་པའི་ངོས་སྦྱོར།
གོང་གསལ་ཡིག་ཆའི་ངོ་བཤུས་ཁག་དངོས་བདེན་ཡིན་པའི་ས་གནས་འགོ་འཛིན་ནམ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་གནས་རིམ་ཟུང་འབྲེལ་དྲུང་ཆེ་ཡན་ཞིག་གི་དྭགས་མཆན་འཁོད་དགོས། འཚང་སྙན་ནང་སོ་སོའི་ཁ་བྱང་དང༌། ཁ་དཔར་ཨང༌། མྱུར་འཕྲིན་དང་གློག་འཕྲིན་ཨང་སོགས་ཇི་ཡོད་ཁ་གསལ་བཀོད་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། སྡེ་ར་ལྡུན་མངོན་དགའ་བོད་ཕྲུག་དམིཌ་བསལ་དགོས་མཁོ་ཅན་གྱི་སློབ་གྲྭའི་ལས་ཁང་ནས་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༧ ལ།།
Director,
Ngoenga School for Tibetan Children with Special Needs
S. D. Road, P.O. Kulhan – 248 001
Distt. Dehradun, Uttarakhand
Email: [email protected]
www.ngoengaschool.org
Ph: (0135) 2607688, 2607128