ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་ཀུན་ཕན་བདེ་རྩ་ཚོགས་པ་ (Foundation for Universal Responsibility of His Holiness The Dalai lama) ཞེས་པས་གོ་སྒྲིག་འོག་སྒུ་རུ་ཀུལ་ལས་གཞིའི་ནང་མཉམ་ཞུགས་གནང་མཁན་རྒྱ་གར་དང་ཕྱི་རྒྱལ་མཐོ་སློབ་ཁག་ནང་སློབ་གཉེར་བྱེད་བཞིན་པའི་སློབ་ཕྲུག་གྲངས་ ༣༣ དང་ཐུག་འཕྲད་ཀྱིས་བོད་མིའི་འཐབ་རྩོད་དང་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་སྲིད་བྱུས་སྐོར་ངོ་སྤྲོད་གནང་སོང་།
དེ་ཡང་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་སློབ་མ་ཚོར་བོད་ཀྱི་ལོ་རྒྱུས་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མི་རྣམས་བཙན་བྱོལ་དུ་གྱར་སྟངས། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་དང། དེ་བཞིན་ལྷན་ཁང་ཁག་གི་བྱེད་སྒོ་རྣམ་གསུམ་ངོ་སྤྲོད་དང་འབྲེལ་རྒྱ་གར་ནང་བོད་མིའི་གཞིས་ཆགས་ཁག དགོན་སྡེ་གྲྭ་ཚང་། དེ་བཞིན་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁང་སོགས་ངོ་སྤྲོད་གསུང་བཤད་ཟབ་རྒྱས་གནང་བ་མ་ཟད། དྲི་བར་ལན་འདེབས་ཀྱང་གནང་སོང་།