༢༠༡༥ ཟླ་ ༧ ཚེས་ ༩ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༦ ཉིན་ཁེ་ན་ཌའི་ཆོས་དད་རང་དབང་སྲུང་སྐྱོབ་ཚན་པའི་འགན་འཛིན་སྐུ་ཞབས་ཨེནྜ་རིའུ་བྷེ་ནེ་ཊི་ Andrew Bennett མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ཕེབས་པའི་༸སྐུའི་གྱ་སྟོན་ལ་འཚམས་འདྲི་ཞུས་དོན། དེ་རིང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དགུང་གྲངས་ ༨༠ ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་བཞིན་པའི་སྐབས་འདིར་ངས་ཁོང་ལ་དགའ་བསུའི་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། མགོན་པོ་གང་ཉིད་མཆོག་ནི་རྒྱལ་སྤྱིའི་ནང་གུས་བཀུར་ཧ་ཅང་ཞུ་ཡུལ་གྱི་ཆོས་ཕྱོགས་ཀྱི་དབུ་ཁྲིད་གཅིག་ཡིན་པ་མ་ཟད། ནོ་བེལ་ཞི་བདེའི་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་ཁེ་ན་ཌའི་ཆེ་བསྟོད་མི་སེར་ཞིག་ཡིན།
གང་ཉིད་མཆོག་གིས་ད་བར་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སྲུང་སྐྱོབ་ཆེད་ངལ་བ་ཁྱད་གསོད་ཀྱིས་སྐུ་ངལ་ལྷུར་བཞེས་མཛད་པ་དང་། གང་ཉིད་མཆོག་གི་བྱམས་བརྩེ་དང་འཚེ་མེད་ཞི་བ། འགྲོ་བ་མིའི་ཆེ་མཐོང་གོང་འཕེལ་གཏོང་གནང་མཛད་རྒྱུའི་མཛད་བཟང་དེ་དག་ཁེ་ན་ཌའི་ནང་སེམས་འགུལ་ཤུགས་ཆེ་ཐེབས་ཡོད་པ་མ་ཟད། འཛམ་གླིང་ཁྱོན་ཡོངས་ཀྱི་མི་མང་རྣམས་ལའང་སེམས་འགུལ་ཐེབས་མུས་ཡིན། དེར་བརྟེན་དེ་རིང་གང་ཉིད་མཆོག་དགུང་གྲངས་ ༨༠ ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་སྙིང་ཐག་པ་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཞེས་གསུངས་འདུག