༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༡ ནས་ ༡༢ བར་མོན་གྷོ་བྱང་ཆུབ་ཆོས་གླིང་དུ་ཚུགས་པའི་དགེ་བཤེས་མའི་རྒྱུགས་སྤྲོད་ཐེངས་གསུམ་པའི་སྐབས། སོ་སོའི་ཆོས་སྡེ་རྣམས་སུ་ལོ་བཅུ་བདུན་རིང་གཞུང་ཆེན་སློབ་གཉེར་མཐར་སོན་ཐོག་སྤྱི་ཡོངས་ཆ་སྙོམས་བརྒྱ་ཆ་ ༧༥ ལོན་པའི་ཆ་རྐྱེན་ཚང་བའི་བཙུན་མ་ཞལ་གྲངས་ཁྱོན་ ༣༧ གྱིས་རྒྱུགས་སྤྲོད་ཕུལ་ཡོད་པ་ནས། ལོ་རིམ་དང་པོར་བཙུན་མ་ ༡༡ དང་། ལོ་རིམ་གཉིས་པར་ ༦། ལོ་རིམ་གསུམ་པར་ ༢༠ བཅས་བྱུང་། ཁོང་རྣམས་ཀྱི་གཞུང་ཆེན་རྩོད་རྒྱུགས་དང་འབྲི་རྒྱུགས་རྣམས་སེ་འབྲས་དགའ་གསུམ་གྱི་དགེ་བཤེས་ལྷ་རམས་པ་ཁག་ཅིག་གིས་གནང་ཞིང་། ཞར་བྱུང་སློབ་ཚན་བརྡ་སྤྲོད་དང་། ལོ་རྒྱུས། ཚན་རིག་རྣམས་ས་རཱ་བོད་ཀྱི་མཐོ་སློབ་ཀྱི་བོད་དགེ་དང་། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་ལོ་རྒྱུས་དགེ་རྒན། དེ་བཞིན་བོད་ཀྱི་དཔེ་མཛོད་ཁང་གི་ཚན་རིག་སྡེ་ཚན་གྱི་འགན་འཛིན་བཅས་ནས་གནང་། དགེ་བཤེས་མའི་མཚན་གནས་འཐོབ་པར་ལོ་བཞིའི་རུང་དུ་སློབ་གཉེར་གྱིས་གཞུང་ཆེན་རྒྱུགས་སྤྲོད་རྣམས་འཕྲོད་པར་གནང་དགོས་ཤིང་། དེའི་ཆེད་དུ་གཞུང་ཆེན་སོ་སོའི་རྒྱུགས་སྤྲོད་ནང་ཉུང་མཐར་བརྒྱ་ཆ་ ༤༠ ལོན་དགོས། ད་ལོའི་རྒྱུགས་སྤྲོད་ནང་དུ་ལོ་རིམ་དང་པོར་བཙུན་མ་གཅིག་མ་གཏོགས་པའི་གཞན་རྣམས་རྒྱུགས་ལེགས་པར་འཕྲོད་པའི་གནས་སྟངས་མཆིས། ལོ་རིམ་སོ་སོའི་ཨང་རིམ་རྩེར་སོན་བྱུང་བ་རྣམས་ནི་གཤམ་གསལ།
ལོ་རིམ་དང་པོ།
ཨང་། | མཚན། | དགོན་པ། | ཆ་སྙོམས་བརྒྱ་ཆ། |
དང་པོ། | བཙུན་མ་བསྟན་འཛིན་སྒྲོལ་དཀར། | བཙུན་དགོན་བྱང་ཆུབ་ཆོས་གླིང་། | ༨༧་༠༧ |
གཉིས་པ། | བཙུན་མ་བསྟན་འཛིན་རྣམ་གྲོལ། | བཙུན་དགོན་བྱང་ཆུབ་ཆོས་གླིང་། | ༧༩་༥༩ |
གསུམ་པ། | བཙུན་མ་ཟླ་བ་ཆོས་འཛོམས། | བཙུན་དགོན་བྱང་ཆུབ་ཆོས་གླིང་། | ༧༣་༦༡ |
ལོ་རིམ་གཉིས་པ།
ཨང་། | མཚན། | དགོན་པ། | ཆ་སྙོམས་བརྒྱ་ཆ། |
དང་པོ། | བཙུན་མ་ངག་དབང་དཔལ་སྐྱིད། | བཙུན་དགོན་བྱང་ཆུབ་ཆོས་གླིང་། | ༨༢་༤༣ |
གཉིས་པ། | བཙུན་མ་བློ་བཟང་ལྷ་མོ། | བཙུན་དགོན་བྱང་ཆུབ་ཆོས་གླིང་། | ༧༩་༥༠ |
གསུམ་པ། | བཙུན་མ་བློ་བཟང་སྒྲོལ་དཀར། | བཙུན་དགོན་སྒྲོལ་མ་གླིང་། | ༧༥་༢༠ |
ལོ་རིམ་གསུམ་པ།
ཨང་། | མཚན། | དགོན་པ། | ཆ་སྙོམས་བརྒྱ་ཆ། |
དང་པོ། | བཙུན་མ་རྣམ་གྲོལ་ཕུན་ཚོགས། | བལ་ཡུལ་བཙུན་དགོན་མཁའ་སྤྱོད་དགའ་འཁྱིལ་གླིང་། | ༨༧་༡༡ |
གཉིས་པ། | བཙུན་མ་བསྟན་འཛིན་ཀུན་གསལ། | བཙུན་དགོན་སྒྲོལ་མ་གླིང་། | ༨༥་༩༧ |
གསུམ་པ། | བཙུན་མ་བློ་བཟང་ཆོས་སྒྲོན། | བཙུན་དགོན་འཇམ་དབྱངས་ཆོས་གླིང་། | ༨༢་༣༣ |