ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༧་རེས་གཟའ་པ་སངས།
༄༅། །ཡུ་རོབ་སྤྱི་མཐུན་ཚོགས་པའི་གསུང་འཕྲིན་ནང་བརྗོད་དོན། རྒྱ་ནག་གཞུང་གི་བཙོན་ཁང་ནང་སྐུ་གཤེགས་པའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ནི། བོད་ཀྱི་སྤྲུལ་སྐུ་རྩ་ཆེའི་གྲས་ཤིག་ཡིན་པ་དང་། རིན་པོ་ཆེ་མཆོག་ཕྱི་ལོ་ ༢༠༠༢ ལོར་རྒྱ་ནག་གཞུང་གིས་བཙོན་འཇུག་ཀྱི་ཁྲིམས་ཐག་བཅད་པ་ནས་བཟུང་ད་བར་བཙོན་ཁང་ནང་བཞུགས་དགོས་བྱུང་ཡོད།
ང་ཚོས་རིན་པོ་ཆེ་མཆོག་གི་ཤུལ་ལུས་ནང་མི་ལྟོས་བཅས་དང་། རྒྱབ་སྐྱོར་གནང་མཁན་བཅས་ལ་སྙིང་ཐག་པ་ནས་གདུང་སེམས་མཉམ་སྐྱེའི་སེམས་གསོ་ཞུ་རྒྱུ་ཡིན། ང་ཚོ་ཡུ་རོབ་སྤྱི་མཐུན་ཚོགས་པས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་བཙོན་ཁང་ནས་གློད་བཀྲོལ་དགོས་པ་དང་། རིན་པོ་ཆེ་མཆོག་ལ་དགོས་ངེས་སྨན་བཅོས་ཀྱི་མཐུན་འགྱུར་དགོས་པའི་རྒྱ་ནག་གཞུང་ལ་རེ་སྐུལ་མུ་མཐུད་ཞུས་པ་ཡིན། རྒྱ་ནག་གཞུང་ནས་རིན་པོ་ཆེ་མཆོག་འདས་གྲོངས་སུ་འགྱུར་བའི་དོན་རྐྱེན་ཐོག་རྟོག་ཞིབ་དང་། དེ་བཞིན་དམ་པ་ཁོང་གི་འདས་རྐྱེན་གྱི་གནས་སྟངས་གང་ཡིན་པ་ཡོངས་གྲགས་བཟོ་རྒྱུར་ང་ཚོས་ཡིད་ཆེས་དང་རེ་བ་བྱེད་ཀྱི་ཡོད། ཅེས་གསུང་འདུག