༢༠༡༥ ཟླ་ ༧ ཚེས་ ༡༥ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༣ ཉིན་ཁེ་ན་ཌའི་ CANADA ཆོས་དད་རང་དབང་སྲུང་སྐྱོབ་ཚན་པའི་འགན་འཛིན་སྐུ་ཞབས་ཨེནྜ་རིའུ་བྷེ་ནེ་ཊི་ Andrew Bennett མཆོག་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རེས་གཟའ་ཉི་མའི་ཉིན་ཁྲིན་ཏུའི་བཙོན་ཁང་ནང་འདས་གྲོངས་སུ་གྱུར་བར་ཧ་ཅང་བློ་ཕམ་ཆེན་པོ་བྱུང་། ངས་ཁོང་གི་ནང་མི་དང་ཉེ་འབྲེལ་སོགས་ལ་སེམས་གསོ་དང་གདུང་སེམས་མཉམ་སྐྱེ་ཡོད།
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ནི་བོད་མི་རྣམས་ཀྱིས་དད་གུས་ཆེན་པོ་ཞུ་ཡུལ་གྱི་བོད་མིའི་བླ་ཆེན་ཞིག་ཡིན་པ་མ་ཟད། ཁོང་གིས་བོད་མི་འབྲོག་པ་རྣམས་ལ་ཆོས་ཕྱོགས་ཀྱི་ལམ་སྟོན་དང་། འཕྲོད་བསྟེན་གྱི་མཐུན་འགྱུར། དེ་བཞིན་སྤྱི་ཚོགས་ཞབས་འདེགས་ཐོག་ཕན་ཐོགས་ཧ་ཅང་ཆེན་པོ་གནང་མྱོང་ཡོད།
ད་ལྟའི་དུས་སྐབས་འདིར་ཚང་མས་རིན་པོ་ཆེ་མཆོག་ལ་མྱ་ངན་གུས་འདུས་ཞུ་དགོས་པ་དང་། དེ་འདྲ་བྱུང་བ་ཡིན་ན་རིན་པོ་ཆེ་མཆོག་གི་དགོངས་རྫོགས་དེ་གུས་བཀུར་དང་ཆེ་མཐོང་ལྡན་པའི་ལམ་ནས་སྲུང་བརྩི་ཞུ་ཐུབ། ངས་རྒྱ་གཞུང་གིས་དཔོན་རིགས་ཚོར་རིན་པོ་ཆེ་མཆོག་གི་སྐུ་ཕུང་ནང་མིར་རྩིས་སྤྲོད་གནང་ནས་མཆོད་འབུལ་སྨོན་ལམ་སོགས་བྱེད་བཅུག་རོགས། ཞེས་རེ་འདུན་ཞུ་རྒྱུ་ཡིན། ཞེས་འཁོད་འདུག