ཕྱི་ལོ་༢༠༡༥ ཟླ་ ༦ ཚེས་ ༡༦ རེས་གཟའ་མིག་དམར།
༄༅། སྡེ་ར་ལྡུན་མངོན་དགའ་བོད་ཕྲུག་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭར་ཕ་ཚབ་བམ་མ་ཚབ་གསུམ་གྱི་ས་སྟོང་ཡོད་ན། གཤམ་གསལ་ཆ་རྐྱེན་ཚང་ཐོག་ཞུགས་འདོད་ཡོན་ན་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༧ དགོང་དྲོ་ཆུ་ཚོད་ ༥ འགྱངས་མེད་འདི་གར་འཚང་སྙན་འབུལ་དགོས།
ཆ་རྐྱེན་གཞན་ཚང་དགོས་ཁག
༡། ཕྲུ་གུ་རང་ལོ་ ༥ མན་མཉམ་སྦྱར་མེད་པ་དང་། མ་འོངས་སྦྲུམ་མའམ་ཕྲུ་གུ་འཁོར་བ་ནས་ལས་མཚམས་བཞག་དགོས།
༢། དབང་པོ་སྐྱོན་ཅན་གྱི་ཕྲུ་གུ་རྣམས་ལ་བྱམས་བརྩེ་དང་ལྡན་པའི་ཐོག་ཞབས་ཞུའི་ཆོད་སེམས་ཡོད་པ།
༣། དམའ་མཐར་འཛིན་རིམ་བརྒྱད་པ་ཐོན་པའམ་དེ་མཚུངས་ཚད་འཛིན་ལག་འཁྱེར་ཡོད་པ།
༤། རང་གཞུང་སྨན་ཁང་ཞིག་ནས་ལུས་སེམས་བདེ་ཐང་ལས་འཕེར་ཡིན་པའི་སྨན་པ་ཚད་ཚད་ལྡན་གྱི་ངོས་སྦྱོར་ངོ་མ།
༥། རྒྱ་གར་ནང་གནས་སྡོད་ཆོག་པའི་ཁྲིམས་མཐུན་ལག་དེབ་ཀྱི་འབྲེལ་ཆགས་ཤོག་བུའི་ངོ་བཤུས།
༦། བོད་མིའི་དཔྱ་དངུལ་དུས་འབུལ་ཞུ་བཞིན་པའི་ལག་དེབ་ཀྱི་འབྲེལ་ཆགས་ཤོག་བུའི་ངོ་བཤུས།
༧། གོང་གསལ་ཕྱི་ཚེས་ཉིན་རང་ལོ་ ༤༥ ལས་མ་བརྒལ་བ།
༨། ད་ལྟ་ལས་ཀ་བྱེད་མུས་ཡིན་ཚེ་འབྲེལ་ཡོད་ནས་དགག་བྱ་མེད་པའི་ངོས་སྦྱོར།
༩། ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོ་སྦྱོར་ངོ་མ།
གོང་འཁོད་ཡིག་ཆ་ཁག་གི་ངོ་བཤུས་སྟེང་གཞུང་ཞབས་གནས་རིམ་ཟུང་འབྲེལ་དྲུང་ཆེ་ཡན་ནམ། ས་གནས་འགོ་འཛིན་ཞིག་ནས་དག་མཆན་ཞུས་ཏེ་འཚང་སྙན་མཉམ་དུ་འབུལ་དགོས་པའི་ཐོག་སོ་སོའི་ཁ་བྱང་དང་། ཁ་དཔར་ཨང་། མྱུར་འཕྲིན་ཨང་དང་གློག་འཕྲིན་ཨིའི་མེལ་སོགས་ཇི་ཡོད་ཁ་གསལ་འབུལ་དགོས་པ་དང་། ལམ་གྲོན་ཁག་དོ་བདག་རང་ངོས་ནས་གཏོང་དགོས་པ་ལས་འདི་ལས་ནས་ཞུ་ལེན་མེད་པ་བཅས་ཀྱི་གསལ་བསྒྲགས་སུ། རྒྱ་གར་བྱང་ཕྱོགས་སྡེ་ར་ལྡུན་མངོན་དགའ་བོད་ཕྲུག་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭའི་ལས་ཁང་ནས་བོད་རྒྱལ་ལོ་ ༢༡༤༢ ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༡༥ ལ།།
The Director
Ngoenga School for Tibetan Children with Special Needs
Sahastradhara Road,P.O.Kulhan-248001
Dehradun,UttaraKhand
Email:[email protected]
Phone:(0135) 2607128,2607688