༢༠༡༥ ཟླ་ ༥ ཚེས་ ༤ རེས་གཟའ་ཟླ་བ།
༄༅། །ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༡ ཉིན་བཏང་གནས་ནང་འཁོད་དོན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཞི་བཅུ་པ་ནང་གསལ་བཞིན། སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༥ རེས་གཟའ་མིག་དམར་ནས་ཚེས་ ༢༥ རེས་གཟའ་པ་སངས་བར་ལས་དུས་ཉིན་གྲངས་བཅུའི་རིང་བཞུགས་སྒར་སྤྱི་ལྷན་གྲོས་ཚོགས་ཀྱི་ཚོགས་ཁང་དུ་ཚུགས་གཏན་འཁེལ་སོང་བར་བརྟེན་སྤྱི་འཐུས་རྣམ་པ་ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༤ ཉིན་ཚོགས་དྲུང་ལས་ཁུངས་སུ་ངོ་བཅར་འབྱོར་ཐོ་འགོད་འབུལ་ཟིན་པ་དགོས་ཤིང་། དེ་འབྲེལ་འདི་གར་ཚོགས་ཡུན་རིང་ཕྱོགས་བཞུགས་སྤྱི་འཐུས་རྣམ་པར་བཞུགས་མཚེར་གོ་སྒྲིག་དགོས་རིགས་ནས་མཚན་ཐོ་ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༣༠ འགྱངས་མེད་ངེས་གནང་ཡོང་བ་ཞུ་རྒྱུ་བཅས་ཀྱི་ཚོགས་བརྡ་གསལ་བསྒྲགས་སུ།