༢༠༡༥ ཟླ་ ༥ ཚེས་ ༢༦ རེས་གཟའ་མིག་དམར།
༄༅། །བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དགོས་མཁོ་དང་བསྟུན་ནས་ཤེས་རིག་ལས་ཁུངས་ཆེད་ལས་བྱེད་ས་སྟོང་ཡོད་པར་ཁ་སྐོང་ཆེད་གསར་འདེམས་བསྐོ་གཞག་གནང་རྒྱུ་ཡིན་ན། གཤམ་གསལ་ས་མིག་སོ་སོའི་ཆ་རྐྱེན་ཚང་ཞིང་དོན་དམ་སྲི་ཞུའི་ལས་བྱེད་དུ་ཞུགས་ཏེ་ཉུང་མཐར་ལོ་ལྔ་ཞབས་འདེགས་ཞུ་འདོད་ཡོད་རིགས་ནས་འཚང་སྙན་འབུལ་འཐུས།
སྡེ་ཚན་དང་པོ།
ཀ༽ ཁྱད་ལས་པའི་ས་མིགཿ ཤེས་ལས་ཀྱི་སྲོལ་རྒྱུན་ཚན་པར་བོད་ཡིག་ཤེས་ཡོན་འགན་འཛིན་དྲུང་ལས་ ༡ གི་དགོས་ངེས་ཆ་རྐྱེན།
༡༽ ལས་འགན། བོད་ཡིག་ཤེས་ཡོན་འགན་འཛིན། (Education Officer for Tibetan)
༢༽ ཤེས་ཚད། ཚད་ལྡན་མཐོ་སློབ་གང་རུང་ནས་བོད་ཀྱི་སྐད་ཡིག་ཐོག་ཉུང་མཐར་གཙུག་ལག་རབ་འབྱམས་པ་ཐོན་པའམ། དེ་དང་མཉམ་པའི་ཤེས་ཚད་ལག་འཁྱེར་ཡོད་པའི་ཐོག་དགེ་འོས་སྦྱོང་བརྡར་ (B.Ed)ཐོན་པ།
༣༽ ལོ་ཚད། ༢༠༡༥།༦།༢༩ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༤༠ ལས་མ་བརྒལ་བ་དགོས།
༤༽ ཉམས་མྱོང། སློབ་གྲྭའི་ནང་ཉུང་མཐར་སློབ་འཁྲིད་ཉམས་མྱོང་ལོ་ ༣ ཡོད་པ།
༥༽ རྒྱུགས་གཞི། ཆ་རྐྱེན་ཚང་བའི་མི་འགྲོ་རྣམས་ལ་ངག་རྒྱུགས་ཀྱི་ལམ་ནས་བསྐོ་གཞག་གནང་ཕྱོགས་གནང་རྒྱུ་ཡིན།
སྡེ་ཚན་གཉིས་པ།
ཁ༽ དམིགས་བཀར་ས་མིགཿ ཤེས་ལས་ཆེད་སྡེ་ཚན་འགན་འཛིན་གནས་རིམ་དུ་ས་སྟོང་ ༥ ཡོད་པའི་དགོས་མཁོའི་ཆ་རྐྱེན།
༡༽ ཤེས་ཚད། ཉུང་མཐར་མཐོ་སློབ་ཐོན་པའི་ལག་འཁྱེར་ཚད་ལྡན་ཡོད་པ།
༢༽ ལོ་ཚད། ༢༠༡༥།༦།༢༩ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༤༠ ལས་མ་བརྒལ་བ་དགོས།
༣༽ རྒྱུགས་གཞི། བོད་ཡིག་དང། ཨིན་ཡིག གཞི་རྩའི་རྩིས་ཁྲ་འཇོག་ཉར་བཅས་སློབ་ཚན་གསུམ་གྱི་ཐོག་འབྲི་རྒྱུགས་དང། བོད་ཨིན་གཉིས་ཐོག་ངག་རྒྱུགས་ལེན་རྒྱུ།
གོང་གསལ་སྡེ་འགན་ས་མིག་ ༥ རྣམས་གཤམ་གསལ་སྡེ་ཚན་སོ་སོར་དམིགས་བསལ་ཆ་རྐྱེན་དགོས་མཁོ་གཤམ་གསལ།
༡༽ ཚན་རིག་སློབ་དེབ་རྩོམ་སྒྲིག་པ་ ༡ དགོས་པའི་ཆ་རྐྱེན་གཤམ་གསལ།
༡༽ ངོས་འཛིན་ཡོད་པའི་མཐོ་སློབ་ནས་ཉུང་མཐར་ B.Sc/BCA སློབ་ཐོན་ལག་འཁྱེར་ཡོད་པ།
༢༽ བོད་ཨིན་གཉིས་ཀྱི་ཤེས་ཚད་རང་རྐྱ་འཕེར་བ།
༣༽ ཀམ་སྤུ་ཀྲར་ཤེས་ཚད་གང་ལེགས་ཡོད་པ།
༤༽ དེབ་གཟུགས་ཇུས་འགོད་དང་། རྩོམ་སྒྲིག་དང། རྩོམ་སྒྱུར་གྱི་ཉམས་མྱོང་ཡོད་རིགས་ལ་དགའ་འདེམས་བྱ་རྒྱུ།
༢༽ སྤྱི་ཚོགས་ཚན་རིག་སློབ་དེབ་རྩོམ་སྒྲིག་པ་ ༡ དགོས་པའི་ཆ་རྐྱེན་གཤམ་གསལ།
༡༽ ངོས་འཛིན་ཡོད་པའི་མཐོ་སློབ་ནས་ཉུང་མཐར་ BA སློབ་ཐོན་ལག་འཁྱེར་ཡོད་པ།
༢༽ བོད་ཨིན་གཉིས་ཀྱི་ཤེས་ཚད་རང་རྐྱ་འཕེར་བ།
༣༽ ཀམ་སྤུ་ཀྲར་ཤེས་ཚད་གང་ལེགས་ཡོད་པ།
༤༽ དེབ་གཟུགས་ཇུས་འགོད་དང་། རྩོམ་སྒྲིག་དང། རྩོམ་སྒྱུར་གྱི་ཉམས་མྱོང་ཡོད་རིགས་ལ་དགའ་འདེམས་བྱ་རྒྱུ།
༣༽ བརྡ་ཆད་གཏན་འབེབས་ཚན་པ་ ༣ དགོས་པའི་ཆ་རྐྱེན་གཤམ་གསལ།
༡༽ དམའ་མཐར་ཉེ་བའི་གཙུག་ལག་རབ་འབྱམས་པ་ BA སློབ་ཐོན་ནམ། དེ་དང་ཚད་མཉམ་པའི་ལག་འཁྱེར་ཡོད་པ།
༢༽ བོད་ཡིག་དང་ཨིན་ཡིག་རང་སྐྱ་འཕེར་ངེས་ཐོག་ཧིན་དི་དང་རྒྱ་སྐད་གང་རུང་ཅུང་ཟད་ཤེས་པ།
༣༽ དེ་སྔ་ཚིག་མརྫོད་རྩོམ་སྒྲིག་དང། ཐ་སྙད་གསར་བཟོ། སྐད་ཡིག་གཞན་ནས་བོད་སྐད་དུ་ཕབ་སྒྱུར་གྱི་ཉམས་མྱོང་ཡོད་རིགས་ལ་དགའ་འདེམས་བྱ་རྒྱུ།
གོང་གསལ་གནས་རིམ་སོ་སོའི་ཆེད་ཆ་རྐྱེན་ལྡན་རིགས་ནས་སྡེ་ཚན་གཉིས་གང་རུང་གི་གནས་རིམ་གཅིག་ལ་མ་གཏོགས་སྙན་འབུལ་མི་ཆོག་པ་དང། འདི་ག་ལས་ཁུངས་དང། ས་གནས་འགོ་འཛིན་ལས་ཁུངས། གཞུང་འབྲེལ་དྲ་རྒྱ་ (www.tibet.net) ནས་བོད་ཡིག་ཐོག་གཏན་འབེབས་ཡོད་པའི་འཚང་སྙན་འགེངས་ཤོག་བཏོན་སྟེ་དོན་ཚན་རྣམས་འཚེམས་ལུས་མེད་པ་བཀང་ཟིན་རྗེས།
༡༽ རང་ཉིད་ཀྱི་ད་ལྟའི་ཕྱེད་པར་ཚོན་ལྡན་ ༢ རེ་དང།
༢༽ མཐའ་མའི་ཤེས་ཚད་ཨང་ཤོག་དང་ལག་འཁྱེར་ (Marks Card & Degree Certificate) གྱི་ངོ་བཤུས།
༣༽ དྭང་བླངས་དཔྱ་ཁྲལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང། གཉིས་པ། འབུལ་འབབ་གཙང་ཕུལ་ཟིན་པའི་མཐའ་མའི་ངོ་བཤུས།
༤༽ གནས་ཡུལ་རྒྱལ་ཁབ་ཏུ་གནས་སྡོད་ཆོག་པའི་ལག་འཁྱེར། (RC) ཤོག་གྲངས་དང་པོ་དང། དུས་འགྱངས་ཞུས་པའི་མཐའ་མའི་ངོ་
བཤུས།
༥༽ ཁྲིམས་མཐུན་སྐྱེས་ཚེས་ལག་འཁྱེར་ (Birth Certificate) གྱི་ངོ་བཤུས།
༦༽ བོད་མིའི་སྒྲིག་གཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང། དེ་མིན་སྨན་ཁང་ཚད་ལྡན་གང་རུང་
ནས་ནད་གཅོང་དང་འགོས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་(MC) ཁ་གསར་སྟེང་རང་
ཉིད་ཀྱི་འདྲ་པར་མཉམ་སྦྱར་ཐོག་སྨན་པའི་ལས་དམ་དང། ས་རྟགས་འཁོད་པ་ངོ་མ།
༧༽ འབྲེལ་ཡོད་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་ (Character Certificate) ངོ་མ།
༨༽ གལ་སྲིད་ད་ལྟ་སྤྱི་སྒེར་གང་རུང་ནང་ལས་ཀ་བྱེད་མུས་ཡིན་ཚེ་ལས་ཡུལ་སྡེ་ཚན་ནས་དགག་ཆ་མེད་པའི་ངོས་སྦྱོར་ (No
Objection Letter) ངོ་མ་བཅས་མཉམ་འབུལ་དགོས། གོང་གསལ་ཡིག་ཆའི་ངོ་བཤུས་ཁག་ལ་འབྲེལ་ཡོད་ས་གནས་འགོ་འཛིན་ནམ། ལས་བྱེད་འདེམས་ལྷན་ནས་བསྐོ་གཞག་བྱས་པའི་ཟུང་དྲུང་གནས་རིམ་ཡན་སུ་རུང་གི་དག་མཆན་ལས་དམ་(Attestation) ཞུས་ཏེ། ༢༠༡༥ ཟླ ༦ ཚེས་ ༢༩ ཉིན་རྒྱབ་ཚོུད་ ༥ པ་འགྱངས་མེད་རང་ཉིད་ཀྱི་ཁྱིམ་གཞིས་དང། ད་ལྟའི་སྡོད་གནས་སུ་འབྲེལ་བ་གནང་བདེའི་ཁ་བྱང། ཁ་དཔར་ཨང། གློག་འཕྲིན། (E-Mail) སོགས་ཁ་གསལ་བཀོད་དེ་གཤམ་གསལ་དྲུང་ཆེའི་མཚན་བྱང་ཐོག་ཕུལ་འབྱོར་ཟིན་པ་དགོས་རྒྱུ།
གོང་གསལ་དུས་བཀག་རྗེས་འཚང་སྙན་ཕུལ་འབྱོར་རིགས་རྩིས་མེད་ཡིན། དུས་ཐོག་འབྱོར་རིགས་རྣམས་ལ་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་དང་འབྲེལ་འོས་ཆོས་ལྡན་པ་ཚོར་དུས་ཐོག་འབོད་བརྡ་བྱ་རྒྱུར་སྐབས་བསྟུན་ལག་འཁྱེར་སོགས་ཡིག་ཆ་ངོ་མ་ཁག་མཉམ་འཁྱེར་གྱིས་འབྱོར་མཐོ་འགོད་བཅར་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ།
ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ ༢༠༡༥ ཟླ་ ༥ ཚེས་ ༢༦ ལ།།
Secretary
Public Service Commission
Central Tibetan Administration
Gangchen Kyishong, Dharamsala-176215
Distt. Kangra(H.P)
Tel: 01892-226240
Telefax: 01892-222328
E-mail:[email protected]