༢༠༡༥ ཟླ་ ༥ ཚེས་ ༢༢ རེས་གཟའ་པ་སངས།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་དོན་ལྟར་ན། ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༠ ཉིན་བོད་ནང་གི་ཕྱི་དྲོ་ཆུ་ཚོད་ ༨ ཙམ་ལ་ཁམས་རྟའུ་རྫོང་ཁང་གསར་ཡུལ་ཚོའི་ཟམ་པ་དང་། ས་གནས་རྒྱ་ནག་གི་ཡུལ་ཚོའི་ལས་ཁུངས་ཉེ་འགྲམ་དུ་བསྟན་འཛིན་རྒྱ་མཚོ་ལགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་གནང་ཡོད་འདུག་པ་དང་། དེ་མ་ཐག་རྒྱ་ནག་གཞུང་གི་ཉེན་རྟོག་པ་འབྱོར་ནས་ཁོང་བཙན་འཁྱེར་བྱས་རྗེས། སྐབས་དེར་ཁོང་འདས་གསོན་ཇི་ཡིན་དང་སྨན་ཁང་དུ་འཁྲིད་ཡོད་མེད་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་མེད།
འོན་ཀྱང་དེ་རིང་གནས་ཚུལ་གསར་དུ་ཐོན་པ་ལྟར་ན། ཕྱི་ཚེས་ ༢༡ ཉིན་རྒྱ་གཞུང་གི་ཉེན་རྟོག་པས་ཁོང་འདས་གྲོངས་སུ་གྱུར་ཟིན་པ་དང་། ཁོང་གི་ནང་མིར་ཕུང་པོ་དར་རྩེ་མདོ་ནས་ལེན་དགོས་པའི་བཀའ་བཏང་འདུག