༢༠༡༥ ཟླ་ ༥ ཚེས་ ༡༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ འདི་བཞིན་རང་ཅག་ཁ་བ་གངས་ཅན་པ་རྣམས་ཀྱི་འདི་ཕྱི་གཉིས་ཀྱི་སྐྱབས་གནས། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་མཆོག་གི་སྐུའི་གྱ་སྟོན་ལོར་དགའ་སྟོན་སྲུང་བརྩི་གཟབ་རྒྱས་ཞུ་མུས་བཞིན། དུས་བཟང་ཁྱད་པར་ཅན་འདིར་བོད་ཀྱི་ཟློས་གར་ཚོགས་པ་ནས་གཙོ་ཆེ་ྋགོང་ས་མཆོག་གི་ཐུགས་དགོངས་ཆ་ཤས་བསྒྲུབ་སླད་དང་། ཡང་སྒོས་འཛམ་གླིང་ཁྱོན་ཡོངས་ནང་བོད་པའི་རིག་གཞུང་དར་ཁྱབ་ཤུགས་ཆེ་འགྲོ་མུས་ལ་བརྟེན། བྱེས་འཁོད་བོད་མིའི་ཁྲོད་ནས་ན་གཞོན་གྲངས་ ༢༥ ལ་སློབ་ཡོན་ཆག་ཡང་ཐོག་བོད་ཀྱི་རྩ་ཆེའི་རིག་གཞུང་རྒྱུན་འཁྱོང་ཞུ་ཆེད་སློབ་ཕྲུག་གསར་འཇུག་ཞུ་རྒྱུའི་ཆ་རྐྱེན་གཤམ་གསལ།
ཀ༽ བྲོ་པ་བུ་ ༡༠ དང༌། བུ་མོ་ ༡༥
ཁ༽ འཚང་རྒྱུགས་ཆ་རྐྱེན།
༡། ལོ་ཚད། རང་ལོ་ ༢༠ ལས་མ་བརྒལ་བ།
༢། གཟུགས་པོ་མཐོ་ཚད། 4.10ft – 5.6ft མ་བརྒལ་བ།
༣། སྒྲ་གདངས་དང༌མི་བབ་གང་ལེགས་ཡོད་པ།
༤། འཛིན་རིམ་ ༨ ཐོན་པའི་ལག་འཁྱེར་ངོ་བཤུས།
༥། དྭང་བླངས་དཔྱ་དངུལ་གཙང་འབུལ་ཟིན་པའི་ངོ་བཤུས།
༦། གཟུགས་ཁམས་བདེ་ཐང་ཡིན་པའི་སྨན་པ་ཚད་ལྡན་གྱི་ངོས་སྦྱོར།
ག༽ ཐུགས་སྣང༌།
༡། ལོ་གསུམ་རིང་རྐང་བྲོ་གླུ་གཞས་དང་ལྷ་མོ་སོགས་ཀྱི་སྦྱོང་བརྡར་ཕུལ་མཚམས་རྒྱུགས་སྤྲོད་ཀྱི་ལམ་ནས་ཟློས་གར་གྱི་ཚོད་བལྟའི་ཚོགས་མིའམ་འཁྲབ་སྟོན་པར་འདེམས་སྒྲུག་བྱ་རྒྱུ།
༢། ལོ་གསུམ་ནང་གི་སྦྱོང་བརྡར་སྐབས་སྨན་བཅོས་ཁུངས་སོ་སོས་གཏོང་དགོས་རྒྱུ།
༣། ཤེས་ཚད་ལག་ཁྱེར་མཚོན་པས་དགོས་མཁོའི་ཡིག་ཆ་ཁག་ལ་འབྲེལ་ཡོད་ས་གནས་འགོ་འཛིན་ནམ་ཡང་ན། བོད་མིའི་སྒྲིག་འཛུགས་ཀྱི་ཟུང་སྦྲེལ་དྲུང་ཆེ་ཡན་གྱི་དག་མཆན་དགོས་ཤིང༌། ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༡༧ འགྱངས་མེད་འཚང་སྙན་གཤམ་གསལ་ཁ་བྱང་བརྒྱུད་འདི་གར་གནང་འབྱོར་ཐུབ་པ་དགོས་རྒྱུའི་གསལ་བསྒྲགས་སུ།
བོད་ཀྱི་ཟློས་གར་ཚོགས་པའི་ཡིག་ཚང་ནས། ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༡༡ ལ།།
DIRECTOR
Tibetan Institute of Performing Arts
P.O. Mcleod Ganj-176219 Distt. Kangra,
H.P. E-mail: [email protected] Facebook: TIPA Dharamsala