༢༠༡༥ ཟླ་ ༥ ཚེས་ ༡༨ རེས་གཟའ་ཟླ་བ།
༄༅། །དབུས་བོད་མིའི་སྒྲིག་འཛུགས་ཤེས་ རིག་ལས་ཁུངས་ནས་ཉེ་བའི་གཙུག་ལག་ རབ་འབྱམས་པ་སློབ་ཐོན་པ་གྲངས་ ༡༥ ལ་ Lovely Professional University, Jalandhar གཙུག་ལག་སློབ་གཉེར་ཁང་ཏུ་ལོ་གཅི ག་གི་རིང་ Bachelors of Library & Information Science. BLIS སློབ་ཚན་ཐོག་སློབ་ཡོན་ཆ་ཚང་ གནང་གཏན་འཁེལ་བ་བཞིན་བཞུགས་བློ་ ཡོད་རིགས་ནས་གཤམ་གསལ་ཆ་རྐྱེན་ཡི ག་ཆ་ཁག་གི་ངོ་བཤུས་ཐོག་ས་གནས་ འགོ་འཛིན་ནམ། ཟུང་དྲུང་དང་དེ་ཡན་གྱི་སྲི་ཞུ་ བ་གང་རུང་གི་ཞིབ་བཤེར་ཟིན་པའི་ འགན་ལེན་དག་མཆན་ (Attestation) འཁོད་ནས་ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༣༠ འགྱངས་མེད་འདི་གར་ཞུ་སྙན་འབུལ་ དགོས། འདེམས་སྒྲུག་དེ་བཞིན་ཉེ་བའི་གཙུ ག་ལག་རབ་འབྱམས་པའི་ཡིག་རྒྱུགས་ གྲུབ་འབྲས་ཀྱི་བརྒྱ་ཆ་རྩེ་བཏོག་ ལྟར་འདེམས་སྒྲུག་བྱ་རྒྱུར་དང༌། འདེམས་ཐོན་ཟིན་པའི་སློབ་མ་རྣམས་ ནས་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོ ངས་སློབ་གྲྭ་ཁག་ཏུ་ཉུང་མཐར་ལོ་ ལྔའི་རིང་ཕྱག་ལས་གནང་རྒྱུའི་ཁས་ ལེན་ཞུ་དགོས་པའི་གསལ་བསྒྲགས་སུ།
དགོས་ངེས་ཆ་རྐྱེན་ནམ་ཡིག་ཆ་ཁག
༡། ཉེ་བའི་གཙུག་ལག་རབ་འབྱམས་པའི་B. A/B.Sc/B.Com or equivalentཐོག་ཉུང་མཐའ་བརྒྱ་ཆ་ ༥༥ ལོན་པས་ཨང་ཤོག་(Marks Card)ངོ་བཤུས།
༢། དོ་བདག་གིས་དྭང་བླངས་དཔྱ་དངུལ་ ལག་དེབ་གཙང་ཕུལ་དང་རྒྱ་གར་སྐྱ བས་བཅོལ་ལག་དེབ་དུས་འགྱངས་ཞུས་ པའི་ངོ་བཤུས།
༣། ཀམ་པུར་ཊར་རྨང་གཞི་བདེ་སྤྱོད་བྱ ེད་སྟངས་ཐོག་རྒྱུས་མངའ་ཡོད་པ།
༤། འདི་ནས་དོ་བདག་སོ་སོར་དུས་ཐོག་ གནས་འབྲེལ་ཐུབ་རྒྱུའི་སླད་སོ་སོ འི་ཁ་བྱང་དང༌། གློག་འཕྲིན། ཁ་པར་ཨང་སོགས་ཁ་གསལ་འགོད་དགོས་པ་བཅས།
ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༡༥ ལ།།Secretary
Department of Education, CTA
Gangchen Kyishong
Dharamsala-176215
Distt. Kangra, Himachal Pradesh
Ph: 01892 – 226695, 222572, 222721
Fax: 01892- 223481
Email: [email protected]
Website: www.tcewf.org or www.sherig.org
Department of Education, CTA
Gangchen Kyishong
Dharamsala-176215
Distt. Kangra, Himachal Pradesh
Ph: 01892 – 226695, 222572, 222721
Fax: 01892- 223481
Email: [email protected]
Website: www.tcewf.org or www.sherig.org