༢༠༡༥ ཟླ་ ༥ ཚེས་ ༦ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༧ ཉིནབལ་ཡུལ་བཀྲ་ཤིས་དཔལ་འཁྱིལ་ས་ཡོམ་ངལ་སེལ་ཚོགས་ཆུང་གིས་བལ་ཡུལ་ལམ་ཆུང་རྫོང་གི་གྲོང་གསེབ་གསུམ་ Waksora, Gorigaun and Kalimati ནང་འབྲེལ་ཡོད་ལས་བྱེད་ཕེབས་ནས་ཟས་སྣ་འབྲས་དང་ཚྭ། ཟ་སྣུམ། ཇ། བྱེ་མ་ཀ་ར། ཁ་ཏོག་སོགས་དང་། ས་གདན། སྡོད་གུར། དེ་བཞིན་སྨན་དང་སྨན་བཅོས་མཐུན་རྐྱེན་རིགས་བགོ་འགྲེམས་གནང་འདུག གྲོང་གསེབ་དེ་གསུམ་ནང་ཁྱོན་སྡོད་ཁྱིམ་གྲངས་ ༢༥༠ ཙམ་འདུག་པ་ཐམས་ཅད་བལ་པོའི་མང་ཚོགས་ཡིན་འདུག ཕྱོགས་མཚུངས་ཕྱི་ཟླ་ ༥ ཚེས་ ༡ ཉིན་བཀྲ་ཤིས་དཔལ་འཁྱིལ་གཞིས་ཆགས་ཀྱི་ཚོགས་ཁང་ནང་ཉིན་སྐྱོང་རིང་ས་ཡོམ་གྱི་གོད་ཆག་ཕོག་པ་རྣམས་ཀྱི་ཆེད་དུ་སྨོན་ལམ་གསུང་འདོན་གནང་འདུག