༢༠༡༥ ཟླ་ ༥ ཚེས་ ༢ རེས་གཟའ་སྤེན་པ།
༄༅། །བོད་མིའི་སྒྲིག་འཛུགས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་རྩིས་ལོ་ ༢༠༡༥༌༌༢༠༡༦ ལོའི་སྔོན་རྩིས་གཏན་འབེབས་ཟིན་ཁོངས། རང་རེའི་ན་གཞོན་ཁྱད་ལས་པ་དང་། ཆེད་ལས་པ་གསོ་སྐྱོང་གི་ལས་གཞི་གཞིར་བཟུང་། བོད་ཕྲུག་འབུམ་རམས་དང་། ཉེ་བའི་འབུམ་རམས་སློབ་ཐོན་གཉིས་ལོ་གཅིག་རིང་འདི་ག་སྲིད་བྱུས་ཉམས་ཞིབ་ཁང་དུ་ཉམས་གསོག་དང་ཉམས་ཞིབ་སླད་གདན་ཞུས་ཉམས་ཞིབ་པའི་ངོ་བོར་བསྐོ་གཞག་བྱ་རྒྱུ་ལགས་ན། འོས་ཆོས་ཚང་ཞིང་དོན་གཉེར་ཡོད་པ་རྣམས་ནས་གཤམ་གསལ་ལྟར་ཕྱི་ཟླ་ ༥ ཚེས་ ༢༠ འགྱངས་མེད་འཚང་སྙན་འདི་གར་གནང་འབྱོར་ཐུབ་པ་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས། ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༣༠ ལ།།
ཀ༽ འབུམ་རམས་པ།
- ས་མིག་གྲངས། གཅིག
- ལས་ཡུན། ལོ་གཅིག
- ཤེས་ཚད། འབུམ་རམས་ཐོན་པ།
- ཁ༽ ཉེ་བའི་འབུམ་རམས་པ།
- ས་མིག་གྲངས། གཅིག
- ལས་ཡུན། ལོ་གཅིག
- ཤེས་ཚད། ཉེ་བའི་འབུམ་རམས་ཐོན་པ།
- སྤྱིར་བཏང་དགོས་མཁོའི་ཆ་རྐྱེན།
༡། བཙན་བྱོལ་བོད་མིའི་དྭང་བླངས་དཔྱ་ཁྲལ་ལག་དེབ་ཀྱི་ངོ་བཤུས་དང༌། རང་བདེན་ཚོགས་ཆུང་ནས་དཔྱ་དངུལ་གཙང་འབུལ་ཟིན་པའི་ངོས་སྦྱོར།
༢། རྒྱ་གར་ནང་ཁྲིམས་མཐུན་གནས་སྡོད་ཆོག་པའི་ལག་དེབ་ (RC) ངོ་བཤུས།
༣། ཕྱི་ལུགས་དང་བོད་ལུགས་ཚད་ལྡན་སྨན་པ་གང་རུང་ནས་གཟུགས་བབས་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར།
༤། ཤེས་ཚད་སོགས་ལག་ཁྱེར་ཁག་གི་ངོ་བཤུས་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་ཟུང་དྲུང་ཡན་གྱི་གནས་རིམ་ཅན་ནས་དག་མཆན་དགོས་པ།
༥། སྤྱི་སྒེར་སྡེ་ཚན་གང་རུང་ནང་ཕྱག་ལས་གནང་མུས་ཡིན་ཚེ། ལས་ཡུལ་ནས་དགག་ཆ་མེད་པའི་ངོས་སྦྱོར་དགོས་པ།
༦། PAN Card ངོ་བཤུས།ཐུགས་སྣང༌།
༡། ཁོར་ཡུག་དང་། (Environment) ཆབ་སྲིད་ཚན་རིག (Political Science) རྒྱལ་སྤྱིའི་འབྲེལ་ལམ། (International Relations) རྒྱ་ནག་དང་འབྲེལ་བའི་སློབ་སྦྱོང་། (Chinese Studies) བོད་དང་བཙན་བྱོལ་སྤྱི་ཚོགས་དང་ཐད་ཀར་འབྲེལ་བ་ཡོད་པའི་གནད་དོན་བཅས་གང་རུང་ཐོག་འབུམ་རམས་དང༌། ཉེ་བའི་འབུམ་རམས་ཐོན་པའི་ལག་ཁྱེར་ཡོད་རིགས་ལ་འདེམ་སྒྲུག་གོ་སྐབས་བཟང་བ་ཡོད།
༢། འབུམ་རམས་པའི་ལག་ཁྱེར་ལྡན་པ་རྣམས་ནས་སོ་སོའི་དཔྱད་རྩོམ་དང་འབྲེལ་བའི་དོན་གནད་ཐོག་ངག་རྒྱུགས་འབུལ་དགོས།
༣། ཉེ་བའི་འབུམ་རམས་པའི་ལག་ཁྱེར་ལྡན་པ་རྣམས་ནས་སོ་སོའི་དཔྱད་རྩོམ་གྱི་བརྗོད་གཞིའི་ཐོག་ཤོག་གྲངས་ ༥ ཙམ་གྱི་རྩོམ་ཡིག་འབྲི་རྒྱུ་དང༌། དེ་འབྲེལ་ངག་རྒྱུགས་ཀྱང་འབུལ་དགོས།Director
Tibet Policy Institute
Central Tibetan Administration
Gangchen Kyishong
Dharamsala-176215
Distt. Kangra, H.P.Telephone: 01892-222403/223556
Email: [email protected]