༢༠༡༥ ཟླ་ ༤ ཚེས་ ༩ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༡༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་སུ་ཇཱ་བོད་ཁྱིམ་སློབ་གྲྭར་ཕྱོགས་ཕེབས་གནང་སྟེ་སློབ་གྲྭ་དེའི་འཛིན་རིམ་བཅུ་གཉིས་སློབ་ཐོན་སློབ་མ་རྣམས་ལ་གསུང་བཤད་དང་། དེ་ནས་སྦིར་བོད་ཚོགས་དང་། སྡེ་དགེ ནང་ཆེན་བཅས་གཞིས་ཆགས་གསུམ་གྱི་འགོ་ཁྲིད་རྣམས་དང་བཞུགས་མོལ་ཚོགས་འདུ། ཅོན་ཏ་ར་བོད་ཁྱིམ་དང་སཾ་བྷོ་ཊ་སློབ་གྲྭ་གཉིས་ཀྱི་སློབ་ཕྲུག་ཡོངས་ལ་གསུང་བཤད་གནང་རྒྱུ་དང་། དེ་བཞིན་སྦིར་གསར་འབྱོར་སྐྱིད་སྡུག་གི་བོད་མི་རྣམས་ཐུགས་འཕྲད་གནང་གཏན་འཁེལ་འདུག