༢༠༡༥ ཟླ་ ༤ ཚེས་ ༡༦ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཨ་རི་བོད་ཀྱི་ཐེབས་རྩ་དང་ཟུང་འབྲེལ་ཐོག་གསར་གཏོད་བྱས་པའི་ ༼སྲིད་སྐྱོང་ཆེད་ལས་སློབ་ཡོན་༽ གསལ་བསྒྲགས།
སློབ་ཡོན་ལས་འདིའི་དམིགས་ཡུལ་གཙོ་བོ་གཙོ་བོ་རྒྱ་བལ་འབྲུག་གསུམ་ནང་གི་བོད་རིགས་སློབ་མ་རྩེ་ཕུད་རྣམས་རང་ཉིད་ཀྱི་མོས་འདེམས་ཆེ་བའི་ཆེད་ལས་མཐོ་སློབ་ལེགས་གྲས་ཁག་ནང་སློབ་སྦྱོང་བྱ་རྒྱུར་རོགས་སྐྱོར་ཆེད་ཡིན། ད་བར་མཐོ་སློབ་དང་སློབ་ཚན་ཁག་ཅིག་སློབ་གྲོན་ཆེ་དྲགས་རྐྱེན་པས་རང་རེའི་སློབ་མ་རྣམས་ཀྱིས་སྙོབ་ཚད་དང་བྲལ་ཞིང་དེས་རྐྱེན་པས་སོ་སོའི་ཤེས་ཡོན་གྱི་དམིགས་ཡུལ་ཇི་བཞིན་ཐོག་གོམ་བསྐྱོད་མ་ཐུབ་པར་ལུས་ཀྱིས་ཡོད། དེར་བརྟེན་ལས་འཆར་འདི་བརྒྱུད་རང་རིགས་སློབ་མ་རྩེ་ཕུད་རྣམས་ལ་མུ་མཐུད་འཕྲད་བཞིན་པའི་དཀའ་ངལ་སེལ་ཐབས་བྱེད་འཆར་ཡིན། སློབ་ཡོན་འདི་ཤེས་རིག་ལས་ཁུངས་བརྒྱུད་ནས་ཨ་རི་བོད་ཀྱི་ཐེབས་རྩ་ནས་གནང་འཆར་ལགས།
སློབ་ཡོན་ཞུ་ལེན་གྱི་དགོས་ངེས་ཆ་རྐྱེན།
༡༽ རྒྱ་བལ་འབྲུག་གསུམ་ནང་གནས་སྡོད་བཙན་བྱོལ་བོད་མི་བསྙོན་མེད་ཡིན་པ།
༢༽། དོ་བདག་དང་ཕ་མའི་དང་བླངས་དཔྱ་དངུལ་ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༣༡ བར་གཙང་ཕུལ་ཟིན་པ།
༣༽འཚང་སྙན་འབུལ་མི་གང་ཞིག་འཛིན་རིམ་བཅུ་པ་བར་བོད་ཡིག་སློབ་ཚན་བླང་མེད་ཚེ་ཤེས་རིག་ལས་ཁུངས་ནས་འཛིན་རིམ་བཅུ་པའི་ཚད་མཉམ་བོད་ཡིག་ཡིག་རྒྱུགས་ཆེད་ཕྱི་ཟླ་ ༤ ཚེས་ ༡༥ ནང་ཚུད་དེབ་འགོད་ཞུ་དགོས་པ་དང༌། བོད་ཡིག་ཡིག་ཚད་ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༣༠ ཉིན་དྷ་སར་གོ་སྒྲིག་ཞུ་རྒྱུ་དང་ཉུང་མཐར་བརྒྱ་ཆ་ ༣༣ ལོན་དགོས།
༤། སློབ་ཡོན་ཐོབ་པར་ཉུང་མཐའི་བརྒྱ་ཆ།
ཀ། ཉེ་བའི་གཙུག་ལག་རབ་འབྱམས་སློབ་ཡོན་ཁོངས་འཚང་སྙན་འབུལ་མི་ཡིན་ན་འཛིན་རིམ་བཅུ་གཉིས་ཡིག་རྒྱུགས་ནང་བརྒྱ་ཆ་ ༨༠ ལོན་པ་དགོས།
ཁ། གཙུག་ལག་རབ་འབྱམས་དང་རིག་གཅིག་རྐང་འཛིན་ཁོངས་འཚང་སྙན་འབུལ་མི་ཡིན་ན་ཉེ་བའི་གཙུག་ལག་རབ་འབྱམས་ཡིག་རྒྱུགས་ནང་ཉུང་མཐའི་བརྒྱ་ཆ་ ༦༠ ལོན་པ་དགོས།
༥། འཚང་སྙན་འབུལ་མི་རྣམས་ནས་རང་ཉིད་སློབ་ཚན་གང་གི་ཆེད་སློབ་འཇུག་ཞུ་འཆར་ཡིན་པ་དེའི་རང་གི་ཆེད་ལས་སློབ་འཇུག་གི་འཚུད་རྒྱུགས་ངེས་པར་གཏོང་དགོས།
༦། འཚང་སྙན་འབུལ་མིང་རྣམས་ནས་གཤམ་གསལ་སློབ་ཚན་ཁག་ནས་སློབ་གཉེར་བྱེད་དགོས། དེ་ཡང་ ༢༠༡༤ ཟླ་ ༦ ནང་འདོན་སྤེལ་བྱུང་བའི་ “INDIA TODAY” ཞེས་པའི་བརྙན་དེབ་ནས་མཐོ་སློབ་རྩེར་སོན་གྲངས་ ༡༠ ནང་འཁོད་པ་འམ། ཡང་ན་ཆེས་མཐོའི་གཙུག་ལག་སློབ་ཁང་རྒྱལ་ཡོངས་དཔྱད་ཞིབ་ལྷན་ཁང་ ‘NAAC’ ཞེས་པ་ནས་གནས་རིམ་ ‘A’ ལོན་པའི་སློབ་གཉེར་ཁང་ཞིག་ངེས་པར་ཡིན་དགོས།
སློབ་ཚན།
· Students pursuing Professional Bachelor Degree in Engineering(B.E), Medicine(MBBS), Dental surgery (BDS), B.A LLB(Law) and Architecture(B.Arch)
· Students pursuing M.Phil, Ph.D and Master’s degree in the field of Law, Medicine, Engineering, Education, Mass Communication, Business and Puplic Administration.
འཚང་སྙན་འགེངས་ཤོག་མཉམ་ངོ་བཤུས་འབུལ་དགོས་པའི་ཡིག་ཆ་ཁག་གཤམ་གསལ།
· འཛིན་རིམ་བཅུ་པ་དང༌། བཅུ་གཉིས་པའི་ཡིག་རྒྱུགས་གྲུབ་འབྲས་ཨང་ཤོག་གི་ངོ་བཤུས།
· ཉེ་བའི་གཙུག་ལག་རབ་འབྱམས་དང༌། གཙུག་ལག་རབ་འབྱམས་པའི་ཡིག་རྒྱུགས་ཨང་ཤོག་དང་ལག་འཁྱེར། རིག་གཅིག་རྐང་འཛིན་གྱི་ལག་འཁྱེར་སོགས་འབྲེལ་ཡོད་ལག་འཁྱེར་གྱི་ངོ་བཤུས།
· འདྲ་དཔར་གཉིས་རེ།
· རང་ཉིད་ཀྱི་མི་ཚེའི་ལོ་རྒྱུས་དང་ནང་མིའི་གནས་སྟངས་སྙིང་བསྡུས་ཤིག་འབུལ་དགོས། (Personal statement)
· རང་གི་མཐོ་སློབ་བམ་ཡང་འཛིན་རིམ་ ༡༢ སྐབས་ཀྱི་དགེ་རྒན། སློབ་སྤྱི། ལས་ཀ་བྱེད་སའི་ལས་རོགས་གང་རུང་ནས་རྒྱབ་གཉེར་ཡི་གེ་ཁག་གཉིས་རེ (Reference letter) ཞུ་འབུལ་དགོས།
· རྒྱ་གར་སྐྱབས་བཅོལ་ལག་དེབ་ཐོག་ཁྲིམས་མཐུན་དུས་འགྱངས་བཀའ་འཁྲོལ་ཡོད་པའི་ངོ་ཤོག་དང་པོ་དང་མཐའ་མའི་ངོ་བཤུས་འབུལ་དགོས། གལ་ཏེ་ཁྲིམས་མཐུན་དུས་འགྱངས་སམ་གསར་བཟོའི་ཆེད་ཕུལ་ཡོད་ཚེ་འབྲེལ་ཡོད་ལས་ཁུངས་ནས་(Foreign Regional Registration Office, FRRO) དེའི་བྱུང་འཛིན་ངོ་བཤུས་སམ། གནས་ཡུལ་ས་གནས་འགོ་འཛིན་གྱི་ངོས་སྦྱོར་གང་རུང་འབུལ་དགོས།
· དོ་བདག་དང་ཕ་མའི་དང་བླངས་དཔྱ་དངུལ་ལག་དེབ་ཀྱི་ངོ་ཤོག་དང་པོ་དང་མཐའ་མ་གཉིས་ཀྱི་ངོ་བཤུས་དང༌། དེའི་ཐོག་ས་གནས་རང་བདེན་ཚོགས་ཆུང་ནས་དོ་བདག་དང་ཕ་མ་བཅས་ནས་དཔྱ་དངུལ་གཙང་འབུལ་ཟིན་པའི་ངོས་སྦྱོར་དགོས།
· བལ་ཡུལ་དང་འབྲུག་ཁུལ་ནས་འཚང་སྙན་འབུལ་མི་ཡིན་ན། བོད་མི་སྐྱབས་བཅོལ་བ་དངོས་འབྲེལ་ཡིན་པའི་ས་གནས་འགོ་འཛིན་གྱི་ངོས་སྦྱོར་འབུལ་དགོས།
· ཕ་མ་བོད་ནང་ཡོད་པའམ། ཕ་མ་ཡ་བྲལ། ཡང་ན་འདས་གྲོངས་སོང་བ་ཡིན་ཚེ་ས་གནས་འགོ་འཛིན་ནམ་ཤེས་རིག་ཁྱབ་ཁོངས་སློབ་གྲྭ་ཁག་གི་སློབ་སྤྱི་ནས་ངོས་སྦྱོར་ཞུ་འབུལ་དགོས།
ཐུགས་སྣང་དགོས་པའི་གནད་དོན་ཁག་གཅིག
༡། སློབ་ཡོན་གྱི་འཚང་སྙན་འགེངས་ཤོག་ཤེས་རིག་ལས་ཁུངས་དང་ཨ་རི་བོད་ཀྱི་ཐེབས་རྩ་གཉིས་ཀྱི་དྲ་ཚིགས་ www.sherig.org/www.lamton.org/www.tibetfund.org ནས་ཕབ་བཤུས་ཀྱིས་འབུལ་འཐུས་ཆོག་རྒྱུ།
༢། གོང་གསལ་ཡིག་ཆ་ཁག་གི་ངོ་བཤུས་ཐོག་ས་གནས་འགོ་འཛིན་དང༌། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཟུང་དྲུང་གནས་རིམ་ཡན་གྱི་སྲི་ཞུ་ལས་བྱེད། ཤེས་རིག་ཁྱབ་ཁོངས་ཉུང་མཐར་འཛིན་རིམ་བཅུ་པ་ཡོད་པའི་སློབ་གྲྭའི་སློབ་སྤྱྀ་གང་རུང་གིས་ཞིབ་བཤེར་སོང་བའི་འགན་ལེན་དག་མཆན་(Attestation) ངེས་པར་ཞུ་འབུལ་དགོས།
༣། འཚང་སྙན་འགེངས་ཤོག་འཚེམས་ལུས་མེད་པ་ཞིབ་བཀང་དགོས། གོང་གསལ་ཡིག་ཆ་ཁག་ཚང་མེད་རིགས་ལ་དགོངས་བཞེས་གནང་རྒྱུ་མིན།
འཚང་སྙན་གྱི་མཐའ་མའི་དུས་བཀག
༡། ཉེ་བའི་གཙུག་ལག་རབ་འབྱམས་ཆེད་འཚང་སྙན་ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༡༠ དགོང་དྲོ་ཆུ་ཚོད་ ༦ གོང་འབུལ་འབྱོར་དགོས།
༢། གཙུག་ལག་རབ་འབྱམས་ཆེད་འཚང་སྙན་ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༣༡ དགོང་དྲོ་ཆུ་ཚོད་ ༦ གོང་འབུལ་འབྱོར་དགོས།
འབྲེལ་གཏུག་བྱ་ཡུལ་ཁ་བྱང༌།
Secretary
Department of Education
Central Tibetan Administration
Gangchen Kyishong
Dharamsala – 176 215
Dist. Kangra
Himachal Pradesh, India Ph: 01892 – 226695, 222572, 222721
Email: [email protected]
Website: www.sherig.org/www.lamton.org