༢༠༡༥ ཟླ་ ༤ ཚེས་ ༡༧ རེས་གཟའ་པ་སངས།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༨ རེས་གཟའ་ལྷག་པའི་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་ཁམས་བྲག་འགོ་རྫོང་བྲག་ཟུར་གྲོང་ཚོའི་བྲག་ཟུར་ཚང་གི་ཕ་ཤེས་རབ་དང༌། མ་བསོད་ནམས་སྒྲོལ་མ་གཉིས་ཀྱི་བུ་མོ། ངང་སྒང་བཙུན་དགོན་གྱི་བཙུན་མ་རང་ལོ་ ༤༧ དུ་སོན་པ་ཡེ་ཤེས་མཁའ་འགྲོ་ལགས་ཀྱིས་དཀར་མཛེས་རྫོང་སྐུ་འབུམ་ཞབས་ཀྱི་ཉེན་རྟོག་ཁང་གི་ཉེ་འགྲམ་ཞིག་ཏུ། ྋགོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས། ྋགོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ཅེས་སྐད་འབོད་གནང་བཞིན་དུ་རང་ལུས་མེར་སྲེག་བཏང་ཡོད།
སྐབས་དེར་དེ་གའི་ཉེན་རྟོག་པས་མེ་གསོད་ཡོ་བྱད་ཀྱིས་མེ་བསད་དེ་ཁོང་མཉམ་འཁྲིད་བྱས་རྗེས། ཁོང་འདས་གསོན་ཇི་ཡིན་ཁ་གསལ་གནས་ཚུལ་ཤེས་རྟོགས་ཐུབ་མེད་ཀྱང་། ད་ཆ་བཙུན་མ་ཡེ་ཤེས་མཁའ་འགྲོ་ལགས་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་འདུག ས་གནས་ཉེན་རྟོག་ཁང་གིིས་ཁོང་གི་སྐུ་ཕུང་ངམ་པུར་ཐལ་ནང་མིར་རྩིས་སྤྲོད་བྱས་མེད་ཀྱང་། ཉིན་གཉིས་གསུམ་རྗེས་རྩིས་སྤྲོད་བྱེད་འཆར་ཡོད་པའི་གནས་ཚུལ་ཐོན་འདུག