༢༠༡༥ ཟླ་ ༤ ཚེས་ ༣༠ རེས་གཟའ་ཕུར་བུ།
༄༅། །གོང་གསལ་ཟུར་བཅད་ས་མིག་དང་འབྲེལ་བའི་གསལ་བསྒྲགས་སྔོན་སོང་ལྟར། འདི་ག་ལས་ཁུངས་ནས་ (AIPMT)དང་ (JEE) ཚུད་རྒྱུགས་ཀྱི་གྲུབ་འབྲས་ཤེས་རྟོགས་ཆེད་སློབ་ཕྲུག་རྣམས་ནས་སྔར་ལམ་ལྟར་ཚུད་རྒྱུགས་ཁོངས་དེབ་བཀོད་ཟིན་པའི་ལག་འཁྱེར་གྱི་ (Admit Card) ངོ་བཤུས་འདི་གར་འབྱོར་ཡོད་ཀྱང༌། འདི་ལོ་ནས་ཚུད་རྒྱུགས་ཡིག་ཚད་ཀྱི་གྲུབ་འབྲས་ཕབ་ལེན་བྱེད་སྐབས་སློབ་ཕྲུག་གི་སྐྱེས་ལོ་སྐྱེས་ཚེས་ (DOB) དང་གསང་ཚིག་(Password) དགོས་གལ་ལ་བརྟེན། སློབ་ཕྲུག་རང་ཉིད་ནས་འཚུད་རྒྱུགས་ཀྱི་གྲུབ་འབྲས་ཨང་ཤོག་ཕབ་ལེན་གྱིས་ངོ་བཤུས་འདི་གར་ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༡༠ ནང་ཚུད་འབུལ་འབྱོར་ཐུབ་པ་དགོས་རྒྱུ་བཅས། ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༣༠ ལ།