༢༠༡༥ ཟླ་ ༤ ཚེས་ ༡༧ རེས་གཟའ་པ་སངས།
ཀ༽ ཏིར་ཐང་ཀར་མ་ཧཱའ་བིའཱར་མཐོ་སློབ་ཀྱི་སློབ་ཡོན་གསལ་བསྒྲགས། ༼༢༠༡༥༽
རྒྱ་གར་མངའ་སྡེ་ཡུ་པི་ནང་ཡོད་ཏིར་ཐང་ཀར་མ་ཧ་བིར་མཐོ་སློབ་ནས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་བརྒྱུད་བོད་པའི་སློབ་ཕྲུག་འཛིན་རིམ་བཅུ་གཉིས་ཐོན་མཁན་ལྔ་ལ་སློབ་ཡོན་ས་མིག་གནང་རྒྱུ་ཞལ་བཞེས་ཐོབ་པའི་གསལ་བསྒྲགས།
ྱ
Course Details | Course Fee | Other Fee payable by students | No. of Seats allocated |
Undergraduate Program (Only Engineering, Management, Computer Application and Law) | Waived | Hostel Fees(3 sharing Basis is RS. 70000 and 4 Sharing basis is Rs. 55000) &Examination Fee (as per the program) | 5 seats |
སློབ་ཡོན་འདིའི་ཁོངས་འཚང་སྙན་འབུལ་མི་རྣམས་ནས་དོ་བདག་གི་འཛིན་རིམ་བཅུ་གཉིས་ཡིག་རྒྱུགས་ཨང་ཤོག་དང༌། དཔྱ་དེབ། རྒྱ་གར་སྐྱབས་བཅོལ་ལག་དེབ་བཅས་ཀྱི་ངོ་བཤུས་འདི་གར་ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༦ ཉིན་འབུལ་འབྱོར་ཐུབ་པ་དགོས་རྒྱུ།
འདེམས་སྒྲུག་གནང་ཕྱོགས་ཐད་སློབ་ཕྲུག་རང་ཉིད་འཛིན་རིམ་ ༡༢ ཡིག་རྒྱུགས་གྲུབ་འབྲས་བརྒྱ་ཆ་རྩེ་བཏོག་གཞི་བཟུང་གོ་སྐབས་གནང་རྒྱུ། སློབ་ཡོན་གྱི་ཞིབ་ཕྲའི་གནས་སྟངས་ཆེད་གོང་གསལ་མཐོ་སློབ་ཀྱི་དྲ་ཚིགས་ www.tmu.ac.in/program.htm ནང་ཐུགས་གནང་དགོས་རྒྱུ།
ཁ༽ ཀུ་རུ་པ་ནི་དྷིའ་ཤེས་ཡོན་ཐེབས་རྩའི་སློབ་ཡོན་གསལ་བསྒྲགས། ༼༢༠༡༥༽
རྒྱ་གར་ལྷོ་ཕྱོགས་སྦེང་ལོར་ནང་དུ་ཡོད་པའི་ཀུ་རུ་པ་ནི་དྷིའཱ་ཤེས་ཡོན་ཐེབས་རྩ་་ནས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་བརྒྱུད་བོད་པའི་སློབ་ཕྲུག་འཛིན་རིམ་བཅུ་གཉིས་ཐོན་མཁན་བཅུ་བཞི་ལ་༼སློབ་ཡོན་རྩ་ཆགས་སམ། ཡང་ན་ཕྱེད་ཆག་ཁོངས་༽ས་མིག་གནང་རྒྱུ་ཞལ་བཞེས་ཐོབ་ཡོད། མཐོ་སློབ་ཁོངས་སློབ་འཇུག་ཆེད་འཛིན་རིམ་བཅུ་གཉིས་ཡིག་རྒྱུགས་ནང་ཉུང་མཐའི་བརྒྱ་ཆ་ ༧༥ ལོན་དགོས། དགོས་ངེས་བརྒྱ་ཆ་ལོན་པ་རྣམས་ལ་འཚུད་རྒྱུགས་དང་ངག་རྒྱུགས་ལམ་ནས་མཐའི་མའི་འདེམས་སྒྲུག་ཞུ་འཆར་འདུག་ ཞིབ་ཕྲའི་ཆེད་སློབ་གྲྭའི་དྲ་ཚིགས་ www.krupanidhi.edu.in ལ་ཐུགས་གནང་དགོས་རྒྱུ།
སློབ་ཡོན་འདིའི་ཆེད་འཚང་སྙན་འབུལ་མི་སློབ་ཕྲུག་རྣམས་ནས་སྦེང་ལོར་ལྷ་སྤྱི་ལས་ཁུངས་སུ་གཤམ་གསལ་ཁ་བྱང་ཐོག་འབྲེལ་བ་ཞུ་དགོས།
CTA Chief Representative Office
Banglore No. 7,Sampangiramaih Garden
Srinivagalu, Viveknagar Post
Bangalore-560047. Ph. 25506842/43
e-mail:[email protected]
ཀུ་རུ་པ་ནི་དྷིའ་ཤེས་ཡོན་ཐེབས་རྩའི་སློབ་ཡོན་འགོ་བཙུགས་ཏེ་སྟེ་ལོ་ངོ་ ༣༠ འཁོར་བའི་དུས་ཆེན་དང་བསྟུན། ྋགོང་ས་མཆོག་ནས་འཛམ་གླིང་གཞི་བདེའི་ཆེད་མཛད་རྗེས་ལ་བཀའ་དྲིན་རྗེས་དྲན་མཚོན་བྱེད་དུ་སློབ་ཡོན་འདི་དག་གནང་བ་ཞིག་རེད་འདུག་
སློབ་ཡོན་གྲངས་ ༡༤ ཡི་སློབ་ཚན་དང་སློབ་ཡོན་བསྡུ་འབབ་གཤམ་གསལ།
ྱྱ
</tr
Course Details | No. scholarships | Tuition Fees | |
Krupanidhi College of Pharmarcy | |||
Diploma in Pharmacy | 1 | 100 % waived | |
Bachelor of Pharmacy | 1 | 50% waived | |
Krupanidhi College of Nursing | |||
Diploma in GNM(General Nursing &Midwifery) | 1 | 100% waived | |
2 | 50 % waived | ||
B.Sc Nursing | 1 | 50 % waived | |
Krupanidhi College of Physiotherapy | |||
Bachelor of Physiotherapy(BPT) | 2 | 50 % waived | |
Krupanidhi Degree College | |||
Bachelor in Business Management(BBM) | 1 | 50 % waived | |
Bachelor in Commerce(B.com) | 1 | 50 % waived | |
Bachelor in Computer Application (BCA) | 1 | 50 % waived | |
Bachelor in Arts(BA)English, Journalism & Psychology | 1 | 100 % waived | |
2 | 50 % waived |
དོག་དྲི་གཞན་ཡོད་ཚེ་གཤམ་གསལ་ཁ་སྦྱང་ལ་འབྲེལ་ལམ་དགོས་རྒྱུ།
Scholarship Section
Department of Education, CTA
Gangchen Kyishong
Dharamsala-176215
Distt. Kangra, Himchal Pradesh
Ph. 01892-226695,222572,222721
Fax:01892-223481
Email:[email protected]
Website:www.sherig.org