༢༠༡༥ ཟླ་ ༣ ཚེས་ ༡༩ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ནས་ལྡི་ལིར་ཆིབས་སྒྱུར་བསྐྱངས་ཡོད། དེ་ཡང་ཕྱི་ཚེས་ ༡༩ ཉིན་༸གོང་ས་མཆོག་གིས་བཞུགས་གནས་མགྲོན་ཁང་དུ་ཤི་རི་ལངྐའི་བླ་ཆེན་ཁག་གཅིག་གིས་གཙོས་ཆོས་ཚོགས་ཀྱི་སྐུ་ཚབ་ཁག་གཅིག་དང་ལྷན་མཇལ་མོལ་དང་། ཕྱེད་ཡོལ་ཨ་རི་གཞུང་ཚབ་ཁང་གིས་གོ་སྒྲིག་འོག་རྒྱ་གར་གྱིས་གཙོས་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་གཞུང་ཚབ་མི་སྣའི་ཟབ་སྦྱོང་ཐོག་བཀའ་སློབ་བཀའ་དྲིན་སྩལ་རྒྱུ། ཕྱི་ཚེས་ ༢༠ ནས་ ༢༢ བར་ཉིན་གྲངས་གསུམ་རིང་༸གོང་ས་མཆོག་གི་བཞུགས་གནས་ཏཱཇ་གསོལ་མགྲོན་ཁང་དུ་ཀུན་ཕན་ཐེབས་རྩ་ཚོགས་པས་གོ་སྒྲིག་འོག ལྡི་ལིར་གནས་སྡོད་རྒྱ་གར་གྱི་གནད་ཡོད་མི་སྣ་གསུམ་བརྒྱ་ཙམ་ལ་ཆོས་འབྲེལ་སྩལ་རྒྱུ་མ་ཟད། ཕྱི་ཚེས་ ༢༣ ཉིན་གྱི་སྔ་དྲོ་དེ་སྔ་རྒྱ་གར་གྱི་བདེ་སྲུང་བློན་ཆེན་སྐུ་ཞབས་ཇོར་ཇི་ཕར་ནན་ཌི་ས་ (George Fernandes) མཆོག་གི་རྗེས་དྲན་གྱི་རྒྱལ་སྤྱིའི་ཚོགས་འདུ་དབུ་འབྱེད་དང་འབྲེལ་རྒྱལ་ཁབ་མི་འདྲ་བ་སུམ་ཅུ་སོ་བརྒྱད་ལྷག་ནས་ཕེབས་པའི་ཚོགས་བཅར་བ་རྣམས་ལ་བཀའ་སློབ་སྩལ་རྒྱུ། ཕྱེད་ཡོལ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཇིམ་ཁ་ན་ཀ་ལབ་ཅེས་པའི་ཚོགས་པའི་ཚོགས་མི་རྣམས་ལ་བཀའ་སློབ་སྩལ་རྒྱུ་ཡིན་འདུག ཕྱི་ཚེས་ ༢༥ དང་ ༢༦ བཅས་ཉིན་གྲངས་གཉིས་རིང་ལྡི་ལི་གཙུག་ལག་སློབ་གཉེར་ཁང་གིས་གོ་སྒྲིག་ཞུས་པའི་སེམས་དང་སྲོག་གི་བགྲོ་གླེང་ཐོག་དབུ་ཞུགས་མཛད་རྒྱུ་ཡིན་འདུག་པ་བཅས།།