༢༠༡༥ ཟླ་ ༣ ཚེས་ ༩ རེས་གཟའ་ཟླ་བ།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༧ ཉིན་བཏང་གནས་ནང་འཁོད་དོན། སུད་སི་དང་། ལིག་ཏེན་སི་ཌཡན་ས་གནས་འཐུས་ཚོགས་སྐབས་ ༡༦ པའི་འོས་བསྡུ་ཟིན་པ་ལྟར། ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༢༨ ཉིན་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པ་སུད་སི་སྐུབ་ཚབ་དོན་གཅོད་སོག་སྟོད་དངོས་གྲུབ་རྡོ་རྗེ་ལགས་ཀྱི་མདུན་སར་བདམས་ཐོན་ས་འཐུས་རྣམས་དང། ཚོགས་གཙོ་ཚོགས་གཞོན་བཅས་ནས་ལས་ཁུར་དམ་འབུལ་ལེགས་གྲུབ་བྱུང་ཡོད་འདུག
སྐབས་ ༡༦ པའི་སུད་སི་དང་། ལིག་ཏེན་ཌཡན་ས་གནས་འཐུས་མི་གྲངས་ ༢༧ རང་ཁོངས་ནས་ཚོགས་གཙོ་བསྟན་འཛིན་སྙིང་པོ་དང། ཚོགས་གཞོན་བླ་རྙིང་པད་མ་ཚེ་རིང་བདམས་ཐོན་བྱུང་ཡོད་པའི་གསར་འགྱུར་སྙིང་བསྡུས་སུ།