༢༠༡༥ ཟླ་ ༣ ཚེས་ ༡༥ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡༤ སྔ་དྲོ་ཆུ་ཚོད་ ༡༠ ནས་ཕྱི་དྲོ་ཆུ་ཚོད་ ༧ བར་ཉིན་གཅིག་གི་རིང་བོད་མི་མང་བུད་མེད་སྤྱི་འཐུས་རྣམ་པའི་ལྷན་དུ་བུད་མེད་ནུས་ཤུགས་སྤེལ་བའི་སྲིད་བྱུས་ཐོག་བགྲོ་གླེང་ཞིག་ཚོགས་འདུག ནང་སྲིད་ལས་ཁུངས་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པའི་འབྲེལ་མཐུད་པ་ཀརྨ་སྒྲོལ་ལགས་ནས་འགྲེལ་བརྗོད་གནང་དོན།
ཉིན་དེའི་བགྲོ་གླེང་དེ་ཚོགས་བསྐོང་གནང་དགོས་པའི་དམིགས་ཡུལ་གཙོ་བོ་ནི། དཔལ་ལྡན་བཀའ་ཤག་གི་བུད་མེད་ཀྱི་ནུས་ཤུགས་སྤེལ་བའི་སྲིད་བྱུས་གཏན་འབེབས་གནང་ནས་ལོ་ངོ་དྲུག་འཁོར་བའི་སྲིད་བྱུས་ཐོག་དགོངས་འཆར་བསྡུ་རུབ་གནང་རྒྱུ་དེ་ཡིན། བགྲོ་གླེང་དེའི་ཐོག་ནང་སྲིད་དང་ཕྱི་དྲི་ཕྱིལ་བཀའ་བློན་མཆོག་རྣམས་གཉིས་ཀྱིས་བརྗོད་གཞི་དང་འབྲེལ་བའི་སྤྱི་ཡོངས་ཀྱི་གསུང་བཤད་གནང་འདུག བགྲོ་གླེང་ཐོག་བུད་མེད་བཀའ་བློན་གཉིས་དང་།
བོད་མི་མང་བུད་མེད་སྤྱི་འཐུས་བདུན། རྒྱུན་གཏན་བུད་མེད་ཀྱི་ནུས་སྟོབས་སྤེལ་རྒྱུའི་འགན་འཁུར་བཞེས་བཞིན་པ་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་གི་ཚོགས་གཙོ་དང་། ཚོགས་གཞོན། དྲུང་ཆེ། ཁྲིམས་ཐོག་ནུས་སྟོབས་གོང་སྤེལ་ལས་གཞིའི་འགན་འཛིན་བཅས་མཉམ་ཞུགས་གནང་འདུག ནང་སྲིད་བཀའ་བློན་མཆོག་ནས་མཇུག་བསྡོམས་གསུང་བཤད་གནང་རྗེས་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པའི་འབྲེལ་མཐུད་པ་ཀརྨ་སྒྲོལ་མ་ལགས་ནས་ཚོགས་བཅར་བ་ཡོངས་ནས་དུས་ཚོད་བཏང་གནང་སྟེ་བགྲོ་གླེང་ནང་ཆ་ཤས་ལྷུག་པོ་བཞེས་གནང་པར་ཐུགས་རྗེ་ཞུས་རྗེས་བགྲོ་གླེང་གྲོལ་གནང་འདུག