༢༠༡༥ ཟླ་ ༣ ཚེས་ ༣༡ རེས་གཟའ་མིག་དམར།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༣༡ ཉིན་བཏང་གནས་ནང་འཁོད་དོན། ལྷོ་ཕྱོགས་ས་གནས་ཁྲིམས་ཞིབ་པ་བཀྲ་ཤིས་དབང་འདུས་ལགས་ཀྱིས་ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡༩ ཉིན་སྦན་རྡ་ར་ནོར་རྒྱས་གླིང་མང་ཚོགས་ ༡༢༣ དང་། ཕྱི་ཚེས་ ༢༣ ཉིན་ཀོ་ལེ་གྷལ་དོན་ལྡན་གླིང་མི་མང་ ༤༡༢ བཅས་མཁྱོན་བསྡོམས་མི་གྲངས་ ༥༣༥ ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་དང་། ཁྲིམས་གཏུགས་བྱ་ཡུལ། ཁྲིམས་ཁོངས་ཁྱབ་ཚད། གྱོད་ཡའི་མོས་མཐུན་ཆོད་ཡིག ལག་བསྟར་དམ་ཡིག གཞི་རྩའི་ཆ་རྐྱེན། བྱེད་ཐབས་ཇི་ཡོད། གྱོད་ཡ་ཉམས་ཐག་ལ་མཐུན་རྐྱེན། ཞུ་རྩ་དང་ཞུ་ལན་བཟོ་ཕྱོགས།
གཞན་ཡང་སྤྱི་མང་གཏུག་བཤེར་གྱི་དོན་ཚན་གལ་ཆེ་ཁག ཟུར་འཛུགས་ས་གནས་ཁྲིམས་ཞིབ་ཁག་གི་འཕྲལ་སེལ་ཞུ་གཏུག་བྱ་ཡུལ། དེ་བཞིན་བཅའ་ཁྲིམས་ནང་གཞི་རྩའི་ཐོབ་ཐང་དང་ལས་འགན་བཅས་ཀྱི་སྐོར་ངོ་སྤྲོད་དང་སྦྲགས། དྲི་བ་ཁག་ལ་ལན་འདེབས་གནང་བ་བཅས་ཀྱི་གསར་འགྱུར་སྙིང་བསྡུས་སུ།