ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༤ རེས་གཟའ་ལྷག་པ།
༄༅། །སུད་སི་གཅིག་ལྕོགས་ས་གནས་ཁྲིམས་ཞིབ་ཁང་བཙུགས་ནས་ད་ལྟའི་བར་དུ་ས་འཐུས་དམ་འབུལ་ལས་གཞན་གྱི་ཁྲིམས་དོན་བྱེད་སྒོ་གང་ཡང་བྱུང་མི་འདུག་པར་བརྟེན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༩ གཞིར་བཟུང་ཁྲིམས་ཞིབ་ལྷན་ཚོགས་ཐེངས་ ༢༨༩ པའི་ཐོག་བཀའ་བསྡུར་གནང་སྟེ། གནས་སྐབས་རིང་གཏན་འཇགས་གཅིག་ལྕོགས་ས་གནས་ཁྲིམས་ཞིབ་པ་བསྐོ་གཞག་མཚམས་འཇོག་དང་། ས་འཐུས་དམ་འབུལ་གྱི་སྐབས་མཚམས་སོ་སོར་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པ་བསྐོ་གཞག་གནང་རྒྱུའི་ཐག་གཅོད་མཛད་འདུག་པའི་གསལ་བསྒྲགས་སུ། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༣ ལ། །