༄༅། །བོད་མིའི་དང་བླངས་འཕྲོད་བསྟེན་ཚོགས་པའི་ཁྱབ་ཁོངས་སྡེ་ར་ལྡུན་མངོན་དགའ་བོད་ཕྲུག་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭར་དགེ་རྒན་དང་ཕ་ཚབ་མ་ཚབ་ཀྱི་ས་སྟོང་ཡོད་ན། རང་རེའི་སྤྱི་ཚོགས་ཁྲོད་ས་མིག་ཐོག་ཞུགས་འདོད་ཡོད་རིགས་ནས་ཆ་རྐྱེན་ཚང་དགོས་གཤམ་གསལ།
ཨང་། | ལས་འགན། | དགོས་ངེས་ཤེས་ཚད། | ས་མིག་གྲངས། | འཚང་སྙན་འབུལ་རྒྱུའི་ཟླ་ཚེས་མཐའ་མ། | ཟུར་བརྗོད། |
༡ | དགེ་རྒན། | BA OR +2 with TTC ཐོན་པ། | ༣ | ༢༠༡༥།༢།༩ | Special Education Certificate ཡོད་མཁན་ལ་དམིགས་བསལ་དགོངས་བཞེས་གནང་རྒྱུ། |
༢ | ཕ་ཚབ། མ་ཚབ། | འཛིན་རིམ་བརྒྱད་པ་ཐོན་པ། | ༢ | ༢༠༡༥།༢།༩ | མ་ཚབ་བསྐོ་གཞག་རྗེས་མངལ་ཆགས་མཚམས་ལས་གནས་ནས་རྩ་དགོངས་སྩལ་རྒྱུ། |
དགོས་ངེས་ཆ་རྐྱེན་གཞན།
༡། དབང་པོ་སྐྱོན་ཅན་གྱི་སློབ་ཕྲུག་ཚོར་བྱམས་བརྩེའི་ངང་ཞབས་ཞུའི་འདོད་པ་ཡོད་པ།
༢། རང་ལོ་ ༤༥ མ་བརྒལ་བ།
༣། དང་བླངས་དཔྱ་དངུལ་ ༢༠༡༤ ཟླ་ ༡༢ བར་གཙང་ཕུལ་ཞུས་པའི་ལག་དེབ་ཀྱི་ངོ་བཤུས།
༤། གནས་ཡུལ་རྒྱལ་ཁབ་ཏུ་ཁྲིམས་མཐུན་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་ཀྱི་ངོ་བཤུས།
༥། སྨན་པ་ཚད་ལྡན་ནས་གཟུགས་གཞི་བདེ་ཐང་ལས་འཕེར་ཡིན་པའི་ངོས་སྦྱོར་ངོ་མ།
༦། རང་ལོ་ ༥ མན་གྱི་ཕྲུ་གུ་མཉམ་སྦྱར་མེད་པ།
༧། རང་ཉིད་གཏན་སྡོད་བྱ་ཡུལ་ས་གནས་འགོ་འཛིན་ནས་རྒྱུན་དུ་བྱ་སྤྱོད་ཉེས་སྐྱོན་མེད་པའི་ངོས་སྦྱོར།
གོང་གསལ་ཡིག་ཆའི་སྟེང་ས་གནས་འགོ་འཛིན་ནམ་གཞུང་ཞབས་གནས་རིམ་ཟུང་འབྲེལ་དྲུང་ཆེ་ཡན་ཞིག་གི་དག་མཆན་ཞུས་ཏེ་གཤམ་གསལ་ཁ་བྱང་ཐོག་འབུལ་དགོས། དོ་བདག་སོ་སོར་འབྲེལ་བ་ཞུ་བདེའི་སླད་ཁ་བྱང་དང་། གློག་འཕྲིན་ Email-ID དེ་བཞིན་ཁ་པར་ཨང་གྲངས་སོཌ་འཚང་སྙན་ནང་ཁ་གསལ་བཀོད་དགོས། ཡིག་ཆ་ངོ་མ་རྣམས་འབྱོར་ཐོ་འགོད་བཅར་སྐབས་མིག་སྟོན་ངེས་པར་དགོས། ཆ་རྐྱེན་ཚང་བའི་ཞུ་སྙན་ཕུལ་མཁན་རྣམས་ལ་འདེམས་རྒྱུགས་ཀྱི་ཚེས་ཆ་སྐབས་མཚམས་ཐག་གཅོད་བྱ་རྒྱུ་ཡིན་པ་བཅས་ཀྱི་ཡོངས་ཁྱབ་གསལ་བསྒྲཌ་སུ། སྡེ་ར་ལྡུན་མངོན་དགའ་བོད་ཕྲུག་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭའི་ལས་ཁངས་ནས་ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༧ ལ།།
༼འཚང་སྙན་འབུལ་ཡུལ།༽
The Director,
Ngoenga School for Tibetan Children with special needs
S.D Road, P.O Kulhan-248001
Dehradun, Uttarakhand
Email: [email protected] Phone: 0135-2607688, 2607128