༢༠༡༥ ཟླ་ ༡ ཚེས་ ༡༤ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡༢ ཉིན་གྱི་སྔ་དྲོ་དགུང་གྲངས་ ༨༥ ལ་ཕེབས་པའི་རྒྱལ་སྤྱིའི་འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མའི་དབུས་རྒྱུན་ལས་སྐུ་ཞབས་ཀུལ་བུ་ཤན་བྷག་ཤི་ (Shri Kul Bhushan Bakshi) ལགས་མེ་རཊ meerut གྲོང་ཁྱེར་དུ་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བརྟེན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཁོང་གི་སྐུ་ཟླར་ཐུགས་གསོའི་འཕྲིན་ཡིག་ཕུལ་བའི་ནང་འཁོད་དོན། ཡུན་རིང་ནས་བོད་དོན་ཐོག་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་མཁན་སྐུ་ཉིད་ཀྱི་སྐུ་ཟླ་སྐུ་ཞབས་ཀུལ་བུ་ཤན་བྷག་ཤི་ལགས་འདས་གྲོངས་སུ་གྱུར་བར་ཧ་ཅང་བློ་ཕམ་ཆེན་པོ་བྱུང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཚེ་འདས་དམ་པ་ཁོང་གི་ལྕམ་སྐུ་
ཉིད་དང་བུ་དང་བུ་མོ་གཉིས་ལ་ཐུགས་གསོ་ཞུ་རྒྱུ་དང་ཆབས་ཅིག། དམ་པ་ཁོང་ལ་གསོལ་འདེབས་སྨོན་ལམ་ཞུ་བཞིན་ཡོད། ཅེས་འཁོད་འདུག །