ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡༢ རེས་གཟའ་ཟླ་བ། ༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༦ ནས་༧ བར་ཉིན་གྲངས་གཉིས་རིང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འགྲེམས་སྟོན་ཚན་པས་རྒྱ་གར་ནུབ་ཕྱོགས་མངའ་སྡེ་གུ་ཇི་ར་ཏའི་གྲོང་ཁྱེར་བ་རོ་ཌ་ Baroda ནང་རྟེན་གཞི་བྱས་པའི་མཱ་ཧཱ་རཱ་ཇ་ས་ཡ་ཇི་རའོ་ Maharaja Sayajirao University of Baroda (MSU) གཙུག་ལག་སློབ་གཉེར་ཁང་དུ་བོད་དོན་དང་འབྲེལ་བའི་པར་རིགས་འགྲེམས་སྟོན་གནང་འདུག
ཐེངས་འདིའི་འགྲེམས་སྟོན་སྐབས་༸གོང་ས་མཆོག་གི་སྐུ་ཚེའི་མཛད་འཁུར་གསུམ་གྱི་སྐོར་དང་། བོད་མི་ཚོས་རང་ལུས་མེར་སྲེག་གཏོང་དགོས་དོན། དེ་བཞིན་འཕགས་བོད་འབྲེལ་ལམ་སྐོར་བཅས་བརྗོད་གཞི་ཁག་གསུམ་ཐོག་པར་རིགས་འགྲེམས་སྟོན་གནང་ཡོད་པ་མ་ཟད། བོད་དོན་དང་འབྲེལ་བའི་དངོས་བྱུང་གློག་བརྙན་ཡང་བསྟན་ཡོད་འདུག སྐབས་དེར་གཙུག་ལག་སློབ་གྲྭ་དེའི་དགེ་ལས་སློབ་ཕྲུག་རྣམས་དང་ ས་གནས་ཡུལ་མི་བཅས་ཁྱོན་མི་གྲངས་བརྒྱ་ཕྲག་བརྒལ་བས་དོ་སྣང་ཆེན་པོས་གཟིགས་ཞིབ་གནང་ཡོད་འདུག
ཕྱི་དྲིལ་འགྲེམས་སྟོན་ཚན་པས་ཟླ་བ་གཅིག་རིང་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་བཞིའི་ནང་བོད་དོན་དང་འབྲེལ་བའི་པར་རིགས་འགྲེམས་སྟོན་དེ་བཞིན་བྷ་རོ་ཌ་གྲོང་ཁྱེར་ནས་དབུ་འཛུགས་གནང་ཡོད་འདུག་པ་དང་། ཕྱི་ཚེས་ ༡༢ དང་ ༡༣ བཅས་ཉིན་གྲངས་གཉིས་རིང་རྒྱ་གར་ལྷོ་ཕྱོགས་ཅིན་ན་ཡེ་ Chennai གྲོང་ཁྱེར་དུ་པར་རིགས་འགྲེམས་སྟོན་གནང་བཞིན་ཡོད་འདུག