༢༠༡༥ ཟླ་ ༡ ཚེས་ ༥ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༦ ནས་ ༢༤ བར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འགྲེམས་སྟོན་ཚན་པས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། རྒྱ་གར་ལྷོ་ཕྱོགས་སྦེང་ལོར། Bengaluru ཅི་ན་ཡེ། Chennai བྷ་རོ་ཌ་ Baroda བཅས་གྲོང་ཁྱེར་ཆེ་ཁག་བཞིའི་ནང་ཟླ་བ་གཅིག་རིང་སྐོར་བསྐྱོད་འགྲེམས་སྟོན་གནང་རྒྱུ་ཡིན་འདུག
དེ་ཡང་འགྲེམས་སྟོན་ཚན་པས་གོང་གསལ་གྲོང་ཁྱེར་དེ་དག་གི་རྒྱ་གར་མང་ཚོགས་ཁྲོད་༸གོང་ས་མཆོག་གི་སྐུ་ཚེའི་མཛད་འཁུར་གསུམ་གྱི་སྐོར་དང་། བོད་ནང་གི་རང་ལུས་མེར་སྲེག་སྐོར། དེ་བཞིན་འཕགས་བོད་འབྲེལ་ལམ་སྐོར་བཅས་བརྗོད་གཞི་ཁག་གསུམ་གྱི་ཐོག་པར་རིགས་འགྲེམས་སྟོན་གནང་རྒྱུ་མ་ཟད། བོད་ཀྱི་ལོ་རྒྱུས་དང་། ཐུན་མིན་རིག་གཞུང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་སོགས་བོད་དོན་དང་འབྲེལ་བའི་དངོས་བྱུང་གློག་བརྙན་བཅས་བསྟན་རྒྱུ་ཡིན་འདུག