༢༠༡༥ ཟླ་ ༡ ཚེས་ ༢༢ རེས་གཟའ་ཕུར་བུ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོས་ལམ་སྟོན་མཛད་པ་ལྟར་རྩོམ་སྒྲིག་གནང་བའི་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཞེས་པའི་ཚན་རིག་སྐོར་གྱི་ཕྱག་དེབ་རྒྱས་པ་པོད་གཉིས་དང་། འབྲིང་བ་པོད་གཅིག་བཅས་༸གོང་ས་༸སྐྱབས་མགོན་ཆེན་པོས་སྔ་རྗེས་སུ་དབུ་འབྱེད་མཛད་པ་ལྟར། རྒྱ་ཆེའི་མང་ཚོགས་ནས་མཇལ་འདུན་ཆེན་པོ་བྱེད་བཞིན་ཡོད་པའི་རེ་བ་སྐོང་ཆེད་བླུ་ཡོན་པར་བསྐྲུན་གྱི་མ་གནས་ཐོག་གཤམ་གསལ་དཔེ་མཛོད་ཁང་དང་། དེབ་ཚོང་ཁག་བརྒྱུད་བླུ་ཡོན་འབུལ་རྒྱུ་ཡིན་པའི་གསལ་བསྒྲགས་སུ། དགའ་ལྡན་ཕོ་བྲང་ཡིག་ཚང་ནས། ༢༠༡༥ ཟླ་ ༡ ཚེས་ ༢༠ ལ།།
རྡ་རམ་ས་ལ།
རྣམ་རྒྱལ་གྲྭ་ཚང་གི་དཔེ་དེབ་ཁང་།
ལྡི་ལི།
ཤེས་རིག་དཔར་ཁང་གི་དཔེ་དེབ་ཁང་།
མོན་གྷོ་གཞིས་ཆགས།
དགའ་ལྡན་ཤར་རྩེ་དཔེ་མཛོད།
དགའ་ལྡན་བྱང་རྩེ་དཔེ་མཛོད།
འབྲས་སྤུངས་སྒོ་མང་དཔེ་མཛོད།
འབྲས་སྤུངས་བློ་གསལ་གླིང་དཔེ་མཛོད།
སྦེལ་ཀོབ་གཞིས་ཆགས།
སེར་བྱེས་དཔེ་མཛོད།
སེར་སྨད་དཔེ་མཛོད།