༢༠༡༤ ཟླ་ ༡༢ ཚེས་ ༡༧ རེས་གཟའ་ལྷག་པ།
༄༅། །བོད་མིའི་དང་བླངས་འཕྲོད་བསྟེན་ཚོགས་པའི་ཁྱབ་ཁོངས་སྨན་ཁང་ཁག་ནང་ས་མིག་སྟོན་ཡོད་ན། རང་རེའི་སྤྱི་ཚོགས་ཁྲོད་གོང་གསལ་ས་མིག་ཐོག་ཞུགས་འདོད་ཡོད་རིགས་ནས་གཤམ་གསལ་ཆ་རྐྱེན་ཚང་ཐོག་འཚང་སྙན་འབུལ་དགོས།
ཨང་། | ལས་འགན། | དགོས་ངེས་ཤེས་ཚད། | ལས་མྱོང་། | ས་མིག་གྲངས། | ས་གནས། | མཐའ་མའི་ཡིག་ཆ་འབུལ་དུས། |
༡ | ཕྱི་བཅོས་གསོ་ཐབས་པ། | དམའ་མཐར་ BPT (Bachelor of Physiotherapy) | ཟླ་ ༦ | ༧ | ལ་དྭགས་དང་། སྦིར། བདེ་སྐྱིད་གླིང་། ཀོ་ལེ་གྷལ། མོན་གྷོ ཨོ་དྷི་ཤ་། སྦེལ་ཀོབ། | ༢༠༡༥།༢།༡༦ |
༢ | སྨན་ཞབས། | དམའ་མཐར་ B. Sc Nursing | ལོ་ ༢ | ༤ | སྦན་ད་ར་དང་། ཀོ་ལེ་གྷལ། ལ་དྭགས་། ར་སྦང་ལ། | ༢༠༡༥།༢།༡༦ |
༣ | སྨན་སྤྲོད། | དམའ་མཐར་ Diploma in Pharmacy( All India recognized ) | ༦ | སྦེལ་ཀོབ་དང། སྦན་ད་ར། ཨོ་དྷི་ཤ། མེའོ། ལྡི་ལི། སྦིར། | ༢༠༡༥།༢།༡༦ | |
༤ | རྩིས་པ། | དམའ་མཐར་ B.Com | ༡ | སྦན་ད་ར། | ༢༠༡༥།༡།༡༩༼ཛ་དྲག་དགོས་གལ།༽ |
དགོས་ངེས་ཆ་རྐྱེན་གཞན།
༡། དང་བླངས་དཔྱ་དངུལ་ ༢༠༡༤ བར་གཙང་ཕུལ་ཞུས་པའི་ལག་དེབ་ཀྱི་ངོ་བཤུས།
༢། གནས་ཡུལ་རྒྱལ་ཁབ་ཏུ་ཁྲིམས་མཐུན་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་འདྲ་པར་ཅན། མཐའ་མ་བཅས་ཀྱི་ངོ་བཤུས།
༣། སྨན་པ་ཚད་ལྡན་ནས་གཟུཌ་གཞི་བདེ་ཐང་ལས་འཕེར་ཡིན་པའི་ངོས་སྦྱོར་ངོ་མ།
༤། རང་ཉིད་གཏན་སྡོད་བྱ་ཡུལ་ས་གནས་འགོ་འཛིན་ནས་རྒྱུན་དུ་བྱ་སྤྱོད་ཉེས་སྐྱོན་མེད་པའི་ངོས་སྦྱོར།
གོང་གསལ་ཡིག་ཆའི་སྟེང་ས་གནས་འགོ་འཛིན་ནམ་གཞུང་ཞབས་གནས་རིམ་ཟུང་འབྲེལ་དྲུང་ཆེ་ཡན་ཞིག་གི་དག་མཆན་དང་ལས་དམ་སྦྲཌ་གཤམ་གསལ་ཁ་བྱང་ཐོག་འབུལ་དགོས། དོ་བདག་སོ་སོར་འབྲེལ་བ་ཞུ་བདེའི་སླད་ཁ་བྱང་དང་། གློག་འཕྲིན་ Email ID, མྱུར་འཕྲིན་ Fax དེ་བཞིན་ཁ་པར་ཨང་གྲངས་སོཌ་འཚང་སྙན་ནང་ཁ་གསལ་བཀོད་དགོས། ཆ་རྐྱེན་ཚང་བའི་ཞུ་སྙན་ཕུལ་མཁན་རྣམས་ལ་འདེམས་རྒྱུཌ་ཀྱི་ཚེས་ཆ་སྐབས་མཚམས་ཐག་གཅོད་བྱ་རྒྱུ་ཡིན་པ་བཅས་ཀྱི་ཡོངས་ཁྱབ་གསལ་བསྒྲཌ་སུ། འཕྲོད་བསྟེན་ལས་ཁུངས་ནས་ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༥ ལ།།
༼འཚང་སྙན་འབུལ་ཡུལ།༽
Secretary,
Department of Health, CTA
Gangchen Kyishong,
Dharamsala 176215
Distt Kangra H.P