༢༠༡༤ ཟླ་ ༡༢ ཚེས་ ༢༥ རེས་གཟའ་ཕུར་བུ།
༄༅། །རྒྱ་གར་དབུས་གཞུང་དང་ཧི་མྰ་ཅལ་མངའ་སྡེ་གཞུང་གཉིས་ནས་ལོ་ལྟར་བོད་མི་སྐྱབས་བཅོལ་བའི་སློབ་ཕྲུག་ཆེད་སྨན་པའི་སློབ་སྦྱོང་ (MBBS) དང་། བཟོ་སྐྲུན་རིག་གནས་ (Engineering) སློབ་སྦྱོང་བཅས་ཀྱི་དམིགས་བསལ་ཟུར་བཅད་ཞབས་སྟེགས་ཁག་ཅིག་གནང་མུས་ལྟར་གཤམ་གསལ་ཟུར་བཅད་ཞབས་སྟེགས་ཁག་གི་འགྲན་རྒྱུགས་ནང་ཞུགས་བློ་ཡོད་རིགས་རྣམས་ནས་ས་མིག་དང་སྦྱོང་བརྡར་ནང་འཛུལ་ཞུགས་ཆོག་པའི་གསལ་བསྒྲགས་བྱ་རྒྱུར།
དང་པོ། སྨན་པའི་སློབ་སྦྱོང་ (MBBS) ཆེད་ཟུར་བཅད་ཞབས་སྟེགས་ ༣།
ཀ༽ ཕྱི་ལོ་ ༢༠༡༥ སློབ་དུས་ཀྱི་དབུས་དང་མངའ་སྡེ་གཉིས་ཀྱི་ཟུར་བཅད་སྨན་པའི་ས་མིག་ཐད་ཞུགས་བློ་ཡོད་པའི་སློབ་ཕྲུག་ཡོངས་ནས་ངེས་པར་དུ་རྒྱལ་ཡོངས་སྔོན་འགྲོའི་སྨན་པའི་ All India pre-medical test (AIPMT) ཚུད་རྒྱུགས་ནང་འགྲན་ཞུགས་གནང་དགོས་སྐོར་འདི་ནས་འབྲེལ་ཡོད་སློབ་གྲྭ་དང་ས་གནས་འགོ་འཛིན་ཡོངས་རྫོགས་ལ་གསལ་བསྒྲགས་སྔོན་སོང་ལྟར། སྨན་སློབ་བྱ་འདོད་ཡོད་རིགས་ནས་དེབ་བཀོད་གྲུབ་ཡོད་པའི་ཡིད་ཆེས་ཞུ་གི་ཡོད། སྐབས་དེའི་རྒྱལ་ཡོངས་(AIPMT)ཚུད་རྒྱུགས་ཀྱི་ལམ་སྟོན་བཞིན་བརྒྱ་ཆ་རྩེ་བཏོག་གིས་གཤམ་གསལ་ས་མིག་ཐོག་རྒྱབ་གཉེར་གནང་རྒྱུ་ཡིན།
༡༽ དབུས་གཞུང་གི་སྨན་པའི་ས་མིག་ཐད་དབུས་བོད་སློབ་འཛིན་ཚོགས་ཀྱི་ (CTSA) ཁྱབ་ཁོངས་གཞི་རིམ་སློབ་གྲྭ་ནས་ཕྱི་ལོ་ ༢༠༡༥ ལོར་འཛིན་རིམ་བཅུ་གཉིས་པའི་ཚན་རིག་ (PCB) སློབ་སྦྱོང་ཐོན་པའི་སློབ་ཕྲུག་ཁོ་ནའི་ཆེད་ཟུར་བཅད་ཞབས་སྟེགས་གཅིག་ཡོད།
༢༽ ཧི་མཱ་ཅལ་མངའ་གཞུང་གི་སྨན་པའི་ས་མིག་ཐད་གཞུང་སྒེར་སློབ་གྲྭའི་ནང་འཛིན་རིམ་བཅུ་གཉིས་པའི་ཚན་རིག་ (PCB) སློབ་སྦྱོང་ཐོན་པའི་སྐྱབས་བཅོལ་བོད་མིའི་སློབ་ཕྲུག་ཆེད་ཟུར་བཅད་ཞབས་སྟེགས་གཉིས་ཡོད།
ཁ༽ སྒེར་སློབ་སློབ་ཕྲུག་དང་སློབ་ཕྲུག་རྙིང་པ་ཁོངས་ནས་ (AIPMT)སྒྲིག་དོན་ཆ་རྐྱེན་ཚང་རིགས་རྣམས་ལ་འདི་གའི་ལས་ཁུངས་ནས་གོང་གསལ་སྨན་པའི་ཟུར་བཅད་ཞབས་སྟེགས་ཆེད་རྒྱབ་གཉེར་ཞུ་རྒྱུར་(AIPMT)ཚུད་རྒྱུགས་ཁོངས་དེབ་བཀོད་ཟིན་པའི་ལག་འཁྱེར་གྱི་(Admit Card )ངོ་བཤུས་དང་། དོ་བདག་གི་དྭང་བླངས་དཔྱ་དངུལ་ལག་དེབ་ཕྱི་ལོ་ ༢༠༡༤ ཟླ་ ༡༢ བར་གཙང་ཕུལ་ཟིན་པ། རྒྱ་གར་སྐྱབས་བཅོལ་ལག་དེབ་ཐོག་ཁྲིམས་མཐུན་དུས་འགྱངས་ཡོད་པའི་ངོ་བཤུས་བཅས་ཀྱི་སྟེང་ས་གནས་འགོ་འཛིན་ནས་དག་མཆན་འཁོད་པ་བཅས་ ༢༠༡༥ ཟླ་ ༤ ཚེས་ ༡༥ ནང་ཚུད་འདི་གར་འབུལ་དགོས།
གཉིས་པ།༽ བཟོ་སྐྲུན་རིག་གནས་ (Engineering) ཆེད་ཟུར་བཅད་ཞབས་སྟེགས་ ༧ ཡོད་པ་གཤམ་གསལ་ཆ་བགོས་ལྟར་རྩ་འཛིན་བྱ་རྒྱུ།
ཨང་། | སློབ་ཚན། | ཞབས་སྟེགས་གྲངས། |
༡ | ཀམ་པཱུ་ཊར་བཟོ་སྐྲུན་རིག་གནས། (Computer Engineering) | གཉིས། |
༢ | འཛུགས་སྐྲུན་འཆར་འགོད་རིག་གནས། (Civil Engineering) | གཉིས། |
༣ | འཕྲུལ་ཆ་བཟོ་སྐྲུན་རིག་གནས། (Mechanical Engineering) | གཅིག |
༤ | རྫས་སྦྱོར་བཟོ་སྐྲུན་རིག་གནས། (Chemical Engineering) | གཅིག |
༥ | གློག་ལས་སྣེ་ཁྲིད་རིག་གནས། (Electrical Engineering) | གཅིག |
གོང་གསལ་ཟུར་བཅད་ས་མིག་ཁག་སྒྲིག་དོན་ (JEE Main) ཚུད་རྒྱུགས་ཀྱི་ཨང་ཐོབ་དང་། འཛིན་རིམ་བཅུ་གཉིས་ཀྱི་བརྒྱ་ཆ་གཞིར་བཞག་སྟེ་བརྒྱ་ཆ་རྩེ་བཏོག་གིས་གོང་གསལ་བཟོ་སྐྲུན་རིག་གནས་ཟུར་བཅད་ཞབས་སྟེགས་ཁག་ལ་མཐའ་མའི་འདེམས་སྒྲུག་བྱ་རྒྱུ།
གསུམ་པ།༽ དམིགས་བསལ་སྦྱོང་བརྡར།(Coaching)
འདི་ག་ལས་ཁུངས་ནས་ཆེད་ལས་མི་སྣ་གང་མང་གསོ་སྐྱོང་གལ་གནད་རྒྱ་ཆེར་གཟིགས་ཀྱིས་འདི་ལོའང་བྱང་ཕྱོགས་སིམ་ལ་(Shimla) དང་ལྷོ་ཕྱོགས་སྦེང་ལོར་(Bangalore )བཅས་ས་གནས་ཁག་གཉིས་སུ་སློབ་ཕྲུག་མི་འགྲོ་ ༥༦ ལ་དམིགས་བསལ་དུས་ཐུང་སྦྱོང་བརྡར་ (Coaching) གོ་སྒྲིག་ཞུ་གཏན་འཁེལ་ཡོད། དེ་ཡང་འདི་ལོའི་རྒྱ་གར་རྒྱལ་ཡོངས་ཚུད་རྒྱུགས་ (AIPMT) ནང་དེབ་འགོད་བྱས་ཟིན་པའི་སློབ་མ་རྣམས་ཀྱི་སློབ་གྲྭའི་ཡིག་རྒྱུགས་(Half yearly/ Pre-Board Examination) གཉིས་ཀྱི་བརྒྱ་ཆ་ཕྱོགས་བསྡོམས་ཀྱིས་ཨང་རིམ་རྩེ་བཏོག་བྱས་སྟེ་འདེམས་སྒྲུག་བྱ་རྒྱུ་ཡིན། ས་ཁུལ་ཆ་བགོས་གཤམ་གསལ་ལྟར་ཡིན།
སྦྱོང་བརྡར་ས་གནས། | སློབ་གྲྭ་ཡོང་ཁུངས། | སྦྱོང་བརྡར་ཆེད་ས་མིག་ཆ་བགོས། |
བྱང་ཕྱོགས། ༼སིམ་ལ།༽ | མ་སུ་རི་གཏན་སློབ་དང་། ཀ་སྦུག་གཏན་སློབ། ཧ་སྤུར་གཏན་སློབ། སེལ་ལ་ཀུའི་བོད་ཁྱིམ། མ་སུ་རི་བོད་ཁྱིམ། | བོད་སློབ་འཛིན་ཚོགས་ཀྱི་(PCB)སློབ་ཕྲུག་ཆེད། ༡༠ བོད་ཁྱིམ་ཁག་གཉིས་(PCB)སློབ་ཕྲུག་ཆེད། ༡༠ |
ལྷོ་ཕྱོགས།༼སྦེང་ལོར།༽ | མོན་གྷོ་གཏན་སློབ་དང་། སྦེལ་ཀོབ་བོད་ཁྱིམ། | མོན་གྷོ་གཏན་སློབ་(PCB)ཆེད། ༡༠ མོན་གྷོ་གཏན་སློབ་(PCM)ཆེད། ༠༨*** སྦེལ་ཀོབ་བོད་ཁྱིམ་(PCB)ཆེད། ༡༠ སྦེལ་ཀོབ་བོད་ཁྱིམ་(PCM)ཆེད། ༠༨*** |
མཆན། འདི་ལོའི་སྦྱོང་བརྡར་ཁོངས་ལྷོ་ཕྱོགས་ཀར་ན་ཏ་ཀ་( Karnataka)མངའ་ཁོངས་ཀྱི་སྒྲིག་གཞི་ལྟར་འཛིན་རིམ་བཅུ་གཉིས་ཚན་རིག་(PCM)ཐོན་པའི་སློབ་ཕྲུག་གང་ཞིག་(CET)ཚུད་རྒྱུགས་གཏོང་འདོད་ཡོད་མཁན་རྣམས་ཀྱང་སློབ་གྲྭའི་ནང་ཁུལ་ཡིག་རྒྱུགས་(Half yearly/ Pre-Board Examination) གཉིས་ཀྱི་བརྒྱ་ཆ་ཕྱོགས་བསྡོམས་ཀྱིས་རྩེ་བཏོག་ཞུས་སྟེ་སློབ་མ་གྲངས་ ༡༦ ལ་དམིགས་བསལ་ལྷོ་ཕྱོགས་སྦེང་ལོར་ཏུ་སྦྱོང་བརྡར་གོ་སྐབས་འབུལ་རྒྱུ་ཡིན།
གོང་གསལ་སྦྱོང་བརྡར་ཆེད་འབྲེལ་ཆགས་སློབ་གྲྭའི་སློབ་སྤྱིའམ་རེག་ཊར་རྣམས་ནས་རིང་མིན་ཕྱི་ལོ་ ༢༠༡༥ ཟླ་ ༣ པའི་ཚེས་ ༡༠ ནང་ཚུད་འབྲེལ་ཆགས་སློབ་ཕྲུག་རྣམས་ཀྱི་ཐོ་གཞུང་འདི་ག་ཤེས་རིག་ལས་ཁུངས་སུ་ཕུལ་ཟིན་པ་དགོས་རྒྱུ།
གཞན་ཡང་ཐུགས་སྣང་དགོས་པའི་གལ་ཆེའི་གནད་དོན་ཁག་གཅིག་གཤམ་གསལ།
༡༽ རྒྱ་གར་དབུས་གཞུང་དང་ཧི་མྰ་ཅལ་མངའ་གཞུང་གི་སྨན་པའི་ཚུད་རྒྱུགས་སྐབས་དང་སྦྱོང་བརྡར་སྐབས་ཀྱི་ལམ་གྲོན་ཆ་ཚང་ སློབ་ཕྲུག་རང་ངོས་ནས་གཏོང་དགོས་རྒྱུ།
༢༽ སྨན་པའི་ཞབས་སྟེགས་ཐོབ་པའི་སློབ་ཕྲུག་རྣམས་ནས་(MBBS)སློབ་སྦྱོང་ཐོན་མཚམས་ཉུང་མཐར་ལོ་གསུམ་རིང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱི་བཀོད་ཁྱབ་ལྟར་ཞབས་ཞུ་བྱ་རྒྱུར་འཕྲོད་བསྟེན་ལས་ཁུངས་མཉམ་དུ་མོས་མཐུན་གྱིས་ཁྲིམས་མཐུན་གན་རྒྱ་འཇོག་དགོས།
༣༽ གོང་གི་ཟུར་བཅད་ཞབས་སྟེགས་ཐོབ་རིགས་རྣམས་ནས་སློབ་སྦྱོང་མཇུག་བསྒྲིལ་མ་ཟིན་བར་ཕྱི་ནང་གཞུང་སྒེར་གྱི་སློབ་ཡོན་ལས་རིམ་གང་དུའང་འཛུལ་ཞུགས་མི་ཆོག
༤༽ གལ་ཏེ་ཚུད་རྒྱུགས་ཨང་ཐོབ་འདྲ་མཉམ་བྱུང་ཚེ། འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་གྲུབ་འབྲས་བརྒྱ་ཆ་མཐོ་བ་སུ་ཡིན་དེ་གདམ་རྒྱུ་དང་། དེའང་འདྲ་མཉམ་བྱུང་ཚེ་རྒྱན་རྒྱག་བྱ་རྒྱུ་ཡིན།
༥༽ གོང་གི་ཟུར་བཅད་ཞབས་སྟེགས་དང་ས་མིག་གྲངས་ཚད་སོགས་ལ་རྒྱ་གར་གཞུང་ནས་གློ་བུར་འགྱུར་བ་ཡོང་སྲིད་ཅིང་། དེ་ འདྲའི་སྐབས་སུ་རྩོད་གླེང་རིགས་བྱེད་མི་ཆོག
༦༽ གོང་གསལ་ཟུར་བཅད་ཞབས་སྟེགས་ཁག་ནང་ཞུགས་བློ་ཡོད་རིགས་ནས་ཤེས་རིག་མཐོ་སློབ་སློོབ་ཡོན་གྱི་འཚང་སྙན་ འགེངས་ཤོག་བཀང་སྟེ་འབུལ་དགོས། དུས་བཀག་རྗེས་སུ་ཕུལ་འབྱོར་བྱུང་རིགས་ངོས་བཞེས་གནང་རྒྱུ་མིན།
༧༽ གོང་གསལ་གནད་དོན་ཁག་ལ་དྭོགས་འདྲི་ཡོད་ཚེ་གཤམ་འཁོད་འབྲེལ་གཏུགས་བྱ་ཡུལ་ཁ་བྱང་བརྒྱུད་འབྲེལ་བ་ཞུ་འཐུས་བཅས། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༤ ལ།།
Secretary
Department of Education, CTA
Gangchen Kyishong; Dharamsala-176 215
Distt. Kangra, Himachal Pradesh
Ph: 01892 – 226695, 222572, 222721; Fax: 01892- 223481
Email: [email protected];
Website: www.tcewf.org or www.sherig.org/tb