༢༠༡༤ ཟླ་ ༡༢ ཚེས་ ༡༠ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༠ ཉིན་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱི་མཛད་སྒོའི་ཉིན་སྲི་ཞུའི་ལས་བྱེད་བགྲེས་ཡོལ་ཕེབས་པ་ཁག་ལ་ལེགས་སྐྱེས་སུ་བོད་རྗེ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་བརྙན་དང་ཕྱག་འཁྱེར་ཐོབ་མཁན་རྣམས་ཀྱི་ལོ་རྒྱུས་སྙིང་བསྡུས།
༡༽ དྲུང་འཕར་ཟུར་པ་བཀྲིས་དོན་གྲུབ་ལགས་ནི།
ཕྱི་ལོ་ ༡༩༩༣ ཟླ་ ༤ ཚེས་ ༩ ནས་དྲུང་གཞོན་ལས་རོགས་ཀྱི་གནས་རིམ་ཐོག་བསྐོ་གཞག་གནང་། ཕྱི་ལོ་ ༡༩༩༣ ཟླ་ ༦ ཚེས་ ༡༥ ནས་ཚོད་བལྟའི་ཐོག་ཤེས་རིག་ལས་ཁུངས་དྲུང་གཞོན་ལས་རོགས་སུ་བསྐོ་གཞག ཕྱི་ལོ་ ༡༩༩༤ ཟླ་ ༦ ཚེས་ ༢༨ ནས་ཤེས་རིག་ལས་ཁུངས་དྲུང་གཞོན་ལས་རོགས་ངོ་མར་བསྐོ་གཞག ཕྱི་ལོ་ ༡༩༩༧ ཟླ་ ༥ ཚེས་ ༨ ནས་ཤེས་རིག་ལས་ཁུངས་དྲུང་གཞོན་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༢༠༠༠ ཟླ་ ༣ ཚེས་ ༡ ནས་ཟླ་གྲངས་ ༦ རིང་དམིགས་བསལ་ཕོགས་མེད་དགོངས་ཞུ། ཕྱི་ལོ་ ༢༠༠༠ ཟླ་ ༩ ཚེས་ ༡ ནས་ཤེས་རིག་ལས་ཁུངས་ཀྱི་དྲུང་གཞོན་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༢ ཟླ་ ༧ ཚེས་ ༥ ནས་ཟུང་དྲུང་གནས་རིམ་དུ་གནས་སྤར་གྱིས་ཤེས་རིག་ལས་ཁུངས་རང་འཇགས་སུ་ལས་འགན་བཀོད་སྒྲིག་གནང་། ཕྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༡༩ ནས་ཞབས་ལོའི་ཆ་ནས་དྲུང་ཆེ་ལས་འཕར་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༢༦ ནས་ཤེས་རིག་ལས་ཁུངས་སུ་རང་འཇགས་བཀོད་སྒྲིག་གནང་། ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༩ ནས་རྒས་ཡོལ་སྔ་བསྣུར་བཀའ་འཁྲོལ་ཞུས་འཁྲོལ་གྱིས་ཁྱོན་མི་ལོ་ ༢༠ ལྷག་སྲི་ཞུའི་ཞབས་འདེགས་ཞུས།
༢༽ ཟུང་དྲུང་ཟུར་པ་ཚེ་རིང་རྡོ་རྗེ་ལགས་ནི།
ཕྱི་ལོ་ ༡༩༨༧ ཟླ་ ༢ ཚེས་ ༢ ནས་གནས་དགུ་པ་ཐོག་བདེ་སྐྱིད་སླར་གསོ་འཕྲུལ་རྨོས་སྡེ་ཚན་འགན་འཛིན་དུ་བསྐོ་གཞག་གནང་། ཕྱི་ལོ་ ༡༩༨༨ ཟླ་ ༡༠ ཚེས་ ༡ ནས་གནས་རང་འཇགས་ཐོག་ཨོ་རི་ས་འཕྲུལ་རྨོས་སྡེ་ཚན་འགན་འཛིན་དུ་གནས་སྤོས། ཕྱི་ལོ་ ༡༩༩༢ ཟླ་ ༥ ཚེས་ ༢༥ ནས་གནས་རང་འཇགས་ཐོག་སྦེང་ལོར་ནང་སྲིད་སྐུ་ཚབ་ལས་ཁང་དུ་གནས་སྤོས། ཕྱི་ལོ་ ༡༩༩༢ ཟླ་ ༨ ཚེས་ ༡ ནས་ལས་ཁུངས་དོ་དམ་པ་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༡༩༩༣ ཟླ་ ༦ ཚེས་ ༨ ནས་སྡེ་ཚན་འགན་འཛིན་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༡༩༩༧ ཟླ་ ༤ ཚེས་ ༣༠ ནས་དྲུང་གཞོན་ལས་རོགས་གནས་སྤར་གྱིས་ནང་སྲིད་དྲུང་ལས་སུ་བསྐོ་གཞག ཕྱི་ལོ་ ༢༠༠༠ ཟླ་ ༧ ཚེས་༢༡ ནས་དྲུང་གཞོན་གནས་རིམ་དུ་གནས་སྤར་གྱིས་ནང་སྲིད་ལས་ཁུངས་རང་འཇགས་སུ་ལས་ འགན་བཀོད་སྒྲིག་གནང་། ཕྱི་ལོ་ ༢༠༠༨ ཚེས་ ༢ ཚེས་ ༢༠ ནས་ཟུང་དྲུང་གནས་རིམ་ཐོག་གནས་སྤར་བསྩལ་ཐོག་དྲུང་གཞོན་གྱི་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༤ ནས་ནང་སྲིད་ལས་ཁུངས་ཀྱི་ཟུང་དྲུང་གྱི་ལས་འགན་དུ་བཀོད་སྒྲིག ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༡༦ ནས་ ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༥ བར་ལོ་གཉིས་རིང་རྒས་ཡོལ་ཕར་འགྱང་བཀའ་འཁྲོལ་གནང་། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༦ ནས་ལོ་ ༡ རིང་རྒས་ཡོལ་ཕར་འགྱང་གནང་། ཕྱི་ལོ་ ༢༠༡༣ ཟླ་ ༣ ཟླ་ ༡༦ ནས་མཐའ་མའི་ལོ་ ༡ རིང་རྒས་ཡོལ་འཕར་འགྱངས། ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༦ ནས་བགྲེས་ཡོལ་བཀའ་འཁྲོལ་ཞུས་འཁྲོལ་གྱིས་ཁྱོན་མི་ལོ་ ༢༧ ལྷག་སྲི་ཞུའི་ཞབས་འདེགས་ཞུས།
༣༽ ཟུང་དྲུང་ཟུར་པ་སྟོད་ཤེལ་དཀར་བཟང་པོ་ལགས།
ཕྱི་ལོ་ ༡༩༨༩ ཟླ་ ༦ ཚེས་ ༡ ནས་གནས་དགུ་པ་ལས་ངོའི་ཐོག་རྡ་སྟེང་དཔལ་འབྱོར་མགྲོན་ཁང་གི་རྩིས་པར་བསྐོ་གཞག་གནང་། ཕྱི་ལོ་ ༡༩༩༢ ཟླ་ ༨ ཚེས་ ༡ ནས་ལས་དྲུང་གི་གནས་རིམ་དུ་བསྐོ་གཞག ཕྱི་ལོ་ ༡༩༩༣ ཟླ་ ༤ ཚེས་ ༡༥ ནས་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ལས་ཁུངས་ཀྱི་ལས་དྲུང་དུ་གནས་སྤོས། ཕྱི་ལོ་ ༡༩༩༣ ཟླ་ ༡༠ ཚེས་ ༢༡ ནས་ལས་ཁུངས་དོ་དམ་པར་གནས་སྤར། ཕྱི་ལོ་ ༡༩༩༣ ཟླ་ ༡༢ ཚེས་ ༣ ནས་ལ་དྭགས་སླེ་བསོད་ནམས་གླིང་གཞིས་ཆགས་ལས་ཁུངས་ཀྱི་ལས་དྲུང་ལས་འགན་རང་འཇགས། ཕྱི་ལོ་ ༡༩༩༦ ཟླ་ ༩ ཚེས་ ༢༣ ནས་སྡེ་ཚན་འགན་འཛིན་དུ་གནས་སྤར། ཕྱི་ལོ་ ༡༩༩༦ ཟླ་ ༡༢ ཚེས་ ༣༠ ནས་རྡོར་གླིང་བསུ་སྣ་མདའ་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༡༩༩༨ ཟླ་ ༡༢ ཚེས་ ༢ ནས་ཟླ་གྲངས་གཅིག་རིང་དམིགས་བསལ་ཕོགས་མེད་དགོངས་ཞུ། ཕྱི་ལོ་ ༡༩༩༩ ཟླ་ ༢ ཚེས་ ༢༢ ནས་དྲུང་གཞོན་ལས་རོགས་སུ་གནས་སྤར་གྱི་ལས་འགན་རང་འཇགས་ཐོག་བསྐོ་གཞག ཕྱི་ལོ་ ༢༠༠༠ ཟླ་ ༡ ཚེས་ ༢༥ ནས་གནས་རང་འཇགས་ཐོག་ཀུན་ཕན་གླིང་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༠༢ ཟླ་ ༧ ཚེས་ ༢༠ ནས་དྲུང་གཞོན་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༦ ཟླ་ ༩ ཚེས་ ༣ ནས་བདེ་སྲུང་ལས་ཁུངས་ཀྱི་དྲུང་གཞོན་དུ་གནས་སྤོས། ཕྱི་ལོ་ ༢༠༠༦ ཟླ་ ༡༢ ཚེས་ ༡ ནས་སྣེ་ལེན་འབྲེལ་མཐུད་ལས་ཁང་གི་དྲུང་གཞོན་དུ་གནས་སྤོས། ཕྱི་ལོ་ ༢༠༠༧ ཟླ་ ༢ ཚེས་ ༡༢ ནས་སྦན་རྡ་ར་ནོར་རྒྱས་གླིང་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༢༡ ནས་ཞབས་ལོའི་ཆ་ནས་ཟུང་འབྲེལ་དྲུང་ཆེའི་གནས་རིམ་དུ་གནས་སྤར་བསྐོ་གཞག་གནང་། ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༢༦ ནས་ནང་སྲིད་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༡ ནས་ལོ་ ༢ རིང་རྒས་ཡོལ་ཕར་འགྱང་གནང་། ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡༤ ནས་ཉིན་གྲངས་ ༡༢ རིང་དམིགས་བསལ་ཕོགས་མེད་དགོངས་ཞུ། ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༢༦ ནས་ཉིན་གྲངས་ ༡༨ རིང་དམིགས་བསལ་ཕོགས་མེད་དགོངས་ཞུ། ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༨ ནས་བཀའ་ཡིག་ངེས་མེད་སྡེ་ཚན་དུ་གནས་སྤོས། ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡ ནས་ལོ་ ༡ རིང་རྒས་ཡོལ་ཕར་འགྱང་གནང་། ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༡ ནས་མཐའ་མའི་ལོ་ ༡ རིང་བགྲེས་ཡོལ་ཕར་འགྱང་གནང་། ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡ ནས་རྒས་ཡོལ་བཀའ་འཁྲོལ་ཞུས་འཁྲོལ་གྱིས་ཁྱོན་མི་ལོ་ ༢༤ ལྷག་སྲི་ཞུའི་ཞབས་འདེགས་ཞུས།
༤༽ དྲུང་ལས་ཟུར་པ་བསྟན་འཛིན་ལེགས་ལྡན་ལགས་ནི།
ཕྱི་ལོ་ ༡༩༩༢ ཟླ་ ༡༠ ཚེས་ ༡༩ ནས་གནས་བརྒྱད་པ་ལས་དྲུང་གནས་རིམ་ཐོག་གསར་བསྐོ་གནང་བ་དང་།
ཕྱི་ལོ་ ༡༩༩༢ ཟླ་ ༡༡ ཚེས་ ༣ ནས་ཚོད་ལྟའི་ཐོག་བོད་གནས་ཉམས་ཞིབ་ཁང་གི་ལས་དྲུང་དུ་བསྐོ་གཞག ཕྱི་ལོ་ ༡༩༩༣ ཟླ་ ༧ ཚེས་ ༡༣ ནས་ཟླ་དྲུག་ཚོད་ལྟ་ཕར་འགྱང་གནང་། ཕྱི་ལོ་ ༡༩༩༣ ཟླ་ ༡༠ ཚེས་ ༢༧ ནས་གནས་རང་འཇགས་ཐོག་འབུམ་ལ་བསྟན་སྒང་ལས་དྲུང་དུ་གནས་སྤོས། ཕྱི་ལོ་ ༡༩༩༤ ཟླ་ ༨ ཚེས་ ༡ ནས་གཞུང་ཞབས་ངོ་མར་བསྐོ་གཞག ཕྱི་ལོ་ ༡༩༩༥ ཟླ་ ༩ ཚེས་ ༢༡ ནས་བདེ་སྲུང་ལས་ཁུངས་ཀྱི་ལས་དྲུང་དུ་གནས་སྤོས། ཕྱི་ལོ་ ༢༠༠༠ ཟླ་ ༢ ཚེས་ ༡༩ ནས་ལས་ཁུངས་དོ་དམ་པ་གནས་རིམ་དུ་གནས་སྤར། ཕྱི་ལོ་༢༠༠༠ ཟླ་ ༦ ཚེས་ ༡ ནས་བདེ་སྲུང་ལས་ཁུངས་ཀྱི་ལས་དོའི་ལས་འགན་དུ་བསྐོ་གཞག ཕྱི་ལོ་ ༢༠༠༥ ཟླ་ ༣ ཚེས་ ༤ ནས་སྡེ་ཚན་འགན་འཛིན་དུ་གནས་སྤར། ཕྱི་ལོ་ ༢༠༠༥ ཟླ་ ༣ ཚེས་ ༩ ནས་བདེ་སྲུང་ལས་ཁུངས་ཀྱི་སྡེ་ཚན་འགན་འཛིན་དུ་བསྐོ་གཞག་གནང་། ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢ ནས་དྲུང་གཞོན་ལས་རོགས་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༩ ནས་བདེ་སྲུང་ལས་ཁུངས་སུ་རང་འཇགས་བཀོད་སྒྲིག་གནང་། ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༦ ནས་རྒས་ཡོལ་སྔ་བསྣུར་བཀའ་འཁྲོལ་ཞུས་འཁྲོལ་གྱིས་ཁྱོན་མི་ལོ་ ༢༡ ལྷག་སྲི་ཞུའི་ཞབས་འདེགས་ཞུས།