༢༠༡༤ ཟླ་ ༡༢ ཚེས་ ༨ རེས་གཟའ་ཟླ་བ།
༄༅། །རྡ་ས་བཞུགས་སྒར་གངས་ཅན་སྐྱིད་གཤོང་ལས་བྱེད་གསོལ་ཁང་གི་འོག་ཐོག་ཚོང་ཁང་ཆེད་ཁང་མིག་གཅིག་ཡོད་པ་དེ་བཞིན་ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡༥ ནས་བོགས་མར་གཏོང་རྒྱུ་དང་། ཟླ་རེར་བོགས་གླ་ཧིན་སྒོར། ༡༢༡༥༠།༠༠ ཐོག་ཟླ་རེར་གློག་རིན་སྒོར། ༥༠༠ བཅས་བསྡོམས་ཉུང་མཐའི་བོགས་གླ་ཧིན་སྒོར། ༡༢༦༥༠ ཐོག་བོགས་གླ་འགྲན་བསྡུར་གྱི་ལམ་ནས་ལོ་གསུམ་རིང་བོགས་མར་གཏོང་འཆར་ཡོད་ན། བོགས་ལེན་འགྲན་བསྡུར་ནང་འཛུལ་བཞུགས་བྱ་བློ་ཡོད་པའི་བོད་རིགས་རྣམས་ནས་གཤམ་གསལ་ཆ་རྐྱེན་ཚང་བའི་ཐོག་འདི་གར་ཞུ་སྙན་འབུལ་དགོས་རྒྱུ།
༡༽ དོ་བདག་གིས་སྒྲིག་མཐུན་དང་བླངས་དཔྱ་དངུལ་གཙང་འབུལ་ཟིན་པའི་དཔྱ་དངུལ་ལག་དེབ་ཀྱི་ངོ་བཤུས་ཆ་ཚང་།
༢༽ རྒྱ་གར་ནང་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་འཁྱེར་གྱི་ངོ་བཤུས།
༣༽ བོགས་ལེན་འགྲན་བསྡུར་ནང་བཞུགས་ཆོག་པའི་འབབ་དངུལ་སྒོར། ༥༠༠ བཅས་འདི་ག་ལས་ཁུངས་སུ་ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༣༡ འགྱངས་མེད་ཞུ་སྙན་འབུལ་དགོས་པ་དང་། ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༥ སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་གངས་སྐྱིད་ལས་བྱེད་གསོལ་ཁང་ཡང་ཐོག་ཏུ་ཚང་འཛོམས་ཀྱིས་བོགས་གླ་འགྲན་བསྡུར་གནང་རྒྱུ་ལགས་ན། བོགས་གླ་མཐོ་ཤོས་དེའི་མཉམ་ལོ་གསུམ་རིང་ཁྲིམས་མཐུན་ཚོང་ཁང་བོགས་མར་གཏོང་རྒྱུའི་གན་ཡིག་འཇོག་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། དཔལ་འབྱོར་ལས་ཁུངས་ནས་ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༤ ལ།