༄༅།། ཨི་སི་རལ་བཟོ་སྐྲུན་རིག་གནས་སློབ་གཉེར་ཁང་(Technion-Israel Institute of Technology-International School of Engineering, Haifa, Israel) ནས་ཕྱི་ལོ་ ༢༠༡༥ ལོར་བོད་མི་སྐྱབས་བཅོལ་བའི་སློབ་ཕྲུག་གཉིས་གསུམ་ལ་ (Four-year B.Sc. programs: Civil Engineering & Environmental Engineering) ལོ་བཞིའི་ཉེ་བའི་གཙུག་ལག་རབ་འབྱམས་པའི་བཟོ་སྐྲུན་རིག་གནས་ཀྱི་སློབ་ཚན་ཐོག་སློབ་ཡོན་དོད་ཨ་སྒོར་ ༡༥༠༠༠། ཡིན་འདུག་པའི་ནས་ཨ་སྒོར་ ༡༣༠༠༠། གནང་རྒྱུའི་ཞལ་བཞེས་ཡོད་ཀྱང་། ཕར་ཚུར་གནམ་གྲུ་གླ་ཆ་དང་། སློབ་ཡུན་རིང་གི་འཚོ་གྲོན། ཁང་གླ་སོགས་༼ལོ་རེར་ཨ་སྒོར་ ༡༠༠༠༠། ཙམ་༽སློབ་མ་རང་ངོས་ནས་འགན་འཁུར་དགོས་པ་ལས་སློབ་གྲྭ་ནས་་གནང་གི་མིན་འདུག་ན། འགྲོ་འདོད་ཡོད་རིགས་ནས་གཤམ་གསལ་ཆ་རྐྱེན་ལྟར་འཚང་སྙན་ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༠ འགྱངས་མེད་འདི་ག་ཤེས་རིག་ལས་ཁུངས་སུ་ཕུལ་ཟིན་པ་དགོས་རྒྱུ་དང་། འདི་གར་འཚང་སྙན་ཕུལ་འབྱོར་བྱུང་བ་རྣམས་ཀྱི་མིང་ཐོ་གོང་གསལ་སློབ་གཉེར་ཁང་དུ་འབུལ་རྒྱུ་ཡིན་ཅིང་། མཐའ་མའི་འདེམས་སྒྲུག་སློབ་གཉེར་ཁང་རང་ནས་གནང་རྒྱུ་ཡིན།
- སློབ་ཡོན་འདིའི་ཁོངས་ཞུགས་མཁན་རྣམས་ཕྱི་ལོ་ ༢༠༡༥ ལོར་འཛིན་རིམ་བཅུ་གཉིས་ཚན་རིག་སློབ་ཚན་ནང་གསེས་ཨང་རྩིས་ཐོན་མཁན་(PCM) ཁོ་ན་ཡིན་དགོས་པ་དང་རྒྱལ་ཡོངས་ཡིག་རྒྱུགས་ནང་ཉུང་མཐར་བརྒྱ་ཆ་ ༩༠ ལོན་དགོས།
- འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ཨང་ཤོག་ (Marks Card) དང་རྒྱུགས་འཕྲོད་ལག་འཁྱེར་ (Pass/Provision Certificate) ངེས་འབུལ་ཞུ་དགོས།
- དོ་བདག་སོ་སོའི་མི་ཚེའི་ལོ་རྒྱུས་སྙིང་བསྡུས ་Curriculum Vitae (CV) ཤིག་འབུལ་དགོས།
- རང་གི་སློབ་གྲྭའི་དགེ་རྒན་གཉིས་ནས་རྒྱབ་གཉེར་ཡི་གེ་(Letter of Recommendation)ཞུས་ཏེ་འབུལ་དགོས་པ་ཡིན།
- TOEFL iBT ཡིག་རྒྱུགས་ཉུང་མཐར་ཨང་ ༨༠ ལོན་པའི་ཨང་ཤོག་གི་ངོ་བཤུས་འཚང་སྙན་མཉམ་ངེས་འབུལ་དགོས།
ླ - ཨིན་ཇིའི་རྩོམ་ཡིག་ནང་དོ་བདག་གི་ལོ་རྒྱུས་ (Personal Essay) ཤོག་ལྷེ་གཉིས་ལས་མི་ཉུང་བ་ཞིག་བྲིས་ཏེ་འཚང་སྙན་མཉམ་འབུལ་དགོས།
- དོ་བདག་དང་ཕ་མའི་དྭང་བླངས་དཔྱ་དངུལ་ཕྱི་ལོ་ ༢༠༡༤ ཟླ་ ༡༢ བར་གཙང་ཕུལ་ཟིན་པའི་ལག་དེབ་དང་རྒྱ་གར་སྐྱབས་བཅོལ་ལག་དེབ་ཐོག་ཁྲིམས་མཐུན་དུས་འགྱངས་བཀའ་འཁྲོལ་ཞུས་པའི་ངོ་བཤུས་བཅས་ཀྱིས་སྟེང་ས་གནས་འགོ་འཛིན་ནས་དག་མཆན་མཚན་རྟགས་ཞུས་པ་འབུལ་དགོས།
- ག༽ ཐུགས་སྣང་དགོས་གལ་ཁག
- ཕྱི་ལོ་ ༢༠༡༥ ཟླ་ ༧ པའི་ནང་མཐོ་སློབ་ཏུ་བསྐྱོད་དགོས་པར་བརྟེན། ཕྱིར་བསྐྱོད་ལག་འཁྱེར་སེར་པོ་ (IC) དུས་ཐོག་ཐོན་ཐབས་བྱ་རྒྱུ་དང་། སློབ་སྦྱོང་གི་དུས་ཡུན་རིང་ལག་འཁྱེར་དང་འབྲེལ་བའི་དཀའ་རྙོག་རིགས་བྱུང་ཚེ་དོ་བདག་སོ་སོ་ནས་འགན་ཁུར་དགོས་པ་ཡིན།
- འདི་ནས་དོ་བདག་སོ་སོར་དུས་ཐོག་གནས་འབྲེལ་ཐུབ་རྒྱུའི་སླད་ཞུ་སྙན་ནང་གནས་འབྲེལ་བྱ་ཡུལ་ཁ་བྱང་དང་། གློག་འཕྲིན་ཨི་མེལ། ཁ་པར་ཨང་གྲངས་སོགས་ཁ་གསལ་འགོད་དགོས།
- སློབ་དུས་རིང་སློབ་ཕྲུག་རང་ཉིད་ནས་གླ་ཡོད་ལས་ཀ་བྱེད་མི་ཆོག་པའི་སློབ་གྲྭའི་སྒྲིག་ཁྲིམས་ཡིན་འདུག་མཁྱེན་དགོས།
- འཚང་སྙན་འགེངས་ཤོག་མཉམ་དུ་ཡིག་འབྲེལ་སྦྲག་གླ་སོགས་ཀྱི་ཆེད་ཧིན་སྒོར་ ༡༥༠ ཤེས་རིག་ལས་ཁུངས་ཀྱི་དེབ་བསྐྱེལ་ཚོགས་པའི་ Tibetan Children’s Educational and Welfare Fund (TCEWF) མཚན་ཐོག་ཌབ་འཛིན་བཟོས་ཏེ་འབུལ་དགོས།
- འཚང་སྙན་དུས་ཐོག་མ་འབྱོར་བ་དང་། ཆ་རྐྱེན་མ་ཚང་བའི་རིགས་ལ་ངོས་བཞེས་གནང་རྒྱུ་མིན།
- དུས་བཀག་གི་ཉིན་གྲངས་ ༡༤ སྔོན་ཚུད་འཚང་སྙན་ཕུལ་འབྱོར་བྱུང་བ་རྣམས་ལ་འདི་ནས་ཞིབ་འཇུག་གིས་དགོས་ངེས་ཡིག་ཆ་མ་ཚང་བ་རྣམས་ལ་བརྡ་ལན་གནང་རྒྱུ་དང་། དེའི་རྗེས་སུ་ཕུལ་འབྱོར་བྱུང་བ་རྣམས་ལ་བརྡ་ལན་གནང་རྒྱུ་མིན།
- འཚང་སྙན་མཉམ་དགོས་མཁོའི་ཡིག་ཆ་ངོ་བཤུས་སྟེང་ས་གནས་འགོ་འཛིན་ནམ། ཟུང་དྲུང་གནས་རིམ་ཡན་གྱི་སྲི་ཞུ་བ། ཡང་ན་ཤེས་རིག་ཁྱབ་ཁོངས་འཛིན་རིམ་བཅུ་པ་ཡན་ཡོད་པའི་སློབ་གྲྭའི་སློབ་སྤྱི་གང་རུང་གི་འགན་ལེན་དག་མཆན་འཁོད་པ་འཚང་སྙན་མཉམ་འབུལ་དགོས།
- དྭོགས་འདྲི་འཕར་མ་ཡོད་ཚེ་གཤམ་འཁོད་ཁ་བྱང་ཐོག་འབྲེལ་བ་གནང་དགོས་པ་བཅས། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༤ ལ།།SECRETARY
Department of Education CTA
Gangchen Kyishong
Distt. Kangra
Dharamsala – 176 215
Himachal Pradesh
Ph: 01892 – 226695, 222572, 22272
Fax: 01892- 223481
Email: [email protected]
Website: www.tcewf.org
or www.sherig.org/tb