༢༠༡༤ ཟླ་ ༡༡ ཚེས་ ༢༤ རེས་གཟའ་ཟླ་བ།
༄༅། །ཐའེ་ལྦན་སྐུ་ཚབ་དོན་གཅོད་ཁང་ནས་གནས་འཕྲིན་གནང་འབྱོར་ནང་གསལ། ཐའེ་ལྦན་ཀྲུང་ཧྰ་གཙུག་ལག་སློབ་གྲྭ་ཆེན་མོ་ནང་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་གཉིས་ལ་ལོ་གཉིས་རིང་སློབ་གྲྭ་ཆེན་མོའི་སློབ་ཚན་སློབ་གཉེར་དང་རྒྱ་སྐད་སློབ་སྦྱོང་ཐོག་སློབ་ཡོན་ཆ་ཚང་གནང་རྒྱུ་ཞལ་བཞེས་གནང་ཐོག བཙན་བྱོལ་བོད་མིའི་ཕྱི་བསྐྱོད་ལག་དེབ་སེར་པོ་ད་ལྟའི་ཆར་ཐའི་ལྦན་ནང་སྤྱི་ཡོངས་ལྟར་དུས་རིང་གཏན་སྡོད་ཡིག་ཆ་ཐོབ་ཐབས་མེད་པས། ཐོག་མར་ཟླ་དྲུག་གི་དུས་ཐུང་ཐོངས་མཆན་ཞུས་ཏེ། ཟླ་དྲུག་རྗེས་ཐའི་ལྦན་ནས་ཐེངས་རེ་ཕྱིར་ཐོན་དགོས་སྟབས་ལོ་རེར་ཐེངས་གཉིས་ཀྱི་གནམ་གྲུའི་གླ་ཆ་སློབ་གྲྭ་ནས་མཐུན་རྐྱེན་གནང་རྒྱུ་རེད་འདུག་པ་བཞིན་དཔལ་ལྡན་བཀའ་ཤག་ནས་འདི་གར་གཞུང་འབྲེལ་མིན་པའི་སློབ་སྦྱོང་གུང་སེང་ཐོག་གསལ་བསྒྲགས་ཞུ་དགོས་ཕེབས་སོང་ན། སྲི་ཞུ་ལས་བྱེད་ནང་ནས་འགྲོ་བློ་ཡོད་རིགས་ཀྱིས་ཤེས་རིག་ལས་ཁུངས་སུ་འཚང་སྙན་ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༥ འགྱངས་མེད་འབུལ་འབྱོར་ཐུབ་པ་དགོས་རྒྱུ་དང་།
འོས་ཆོས་ཆ་རྐྱེན་ཇི་དགོས་གཤམ་གསལ།
༡། སྲི་ཞུ་བ་རང་ཉིད་ལས་བྱེད་བླང་དོར་དང་ཐོབ་ཐང་གི་སྒྲིག་གཞིའི་དོན་ཚན་ཉེར་གཉིས་པའི་ནང་གསེས་ ང༽ པ་ལྟར་ཞབས་ལོ་ ༥ ཧྲིལ་ལོ་ལོན་པ་ཞིག་དགོས་པ་བཞིན་གཞུང་ཞབས་འདེམས་བསྐོ་ལྷན་ཁང་ནས་ངོས་སྦྱོར་ངོ་མ་འབུལ་དགོས།
༢། དོན་ཚན་ཉེར་གཉིས་པའི་ནང་གསེས་ ཁ༽ ག༽ ཅ༽ ཆ༽ བཅས་ལག་བསྟར་བྱ་རྒྱུར་མོས་མཐུན་ཡོད་དགོས།
༣། ད་ཡོད་ལས་དོན་ཆ་ནས་འབྲེལ་ཡོད་ལས་ཁུངས་སོ་སོ་ནས་དགག་ཆ་མེད་པའི་ངོས་སྦྱོར་ངོ་མ་འབུལ་དགོས།
༤། ཤེས་ཚད་ཐད་ཉེ་བའི་གཙུག་ལག་རབས་འབྱམས་ཐོན་པ་ཞིག་ཡིན་དགོས།
༥། འདེམས་ཐོན་བྱུང་བའི་ལས་བྱེད་དང་ཤེས་རིག་ལས་ཁུངས་གཉིས་དབར་གན་རྒྱ་འཇོག་དགོས་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༢༠ ལ།།
Secretary
Department of Education CTA
Distt. Kangra
Dharamsala-176215
Himachal Pradesh
Ph:01892-226695, 222721,222572
Fax:01892-223481
Email:[email protected]
Website:www.tcewf.org or www.sherig.org/tb