༢༠༡༤ ཟླ་ ༡༡ ཚེས་ ༡༠ རེས་གཟའ་ཟླ་བ།
༄༅། །ཉི་ཧོང་དོན་གཅོད་ཁང་ནས་གནས་འཕྲིན་གནང་འབྱོར་ནང་གསལ། ཉི་ཧོང་དོན་གཅོད་ཁང་བརྒྱུད་སཧེ་ཧོ་ཇི་ Saohoji དགོན་པའི་མཁན་པོ་སྐུ་ཞབས་ Ven Keneko Eiichiï མཆོག་ནས་བོད་རིགས་ལས་བྱེད་གཅིག་ལ་ལོ་གཅིག་རིང་ཉི་ཧོང་དུ་ཉི་ཧོང་སྐད་ཡིག་སློབ་སྦྱོང་བྱ་རྒྱུར་སློབ་ཡོན་དང་། སྡོད་ཁང་། ཆུ་གློག ཕར་ཚུར་གནམ་གླ་བཅས་ཀྱི་འགྲོ་གྲོན་དགོན་པའི་ངོས་ནས་གྲ་སྒྲིག་མཐུན་འགྱུར་གནང་རྒྱུ་ཡང་། ཉི་ཧོང་ནང་སློབ་ཡུན་རིང་ཕར་ཚུར་འགྲུལ་བཞུད་དང་བཟའ་ཆས་རིགས་དོ་བདག་སོ་སོས་ཞོར་ལས་བྱེད་དེ་རང་འཚོ་ཐུབ་པ་དགོས་འདུག་པས་དོན་ཁང་ནས་ས་གནས་རྒྱུས་མངའ་དང་ལས་ཀ་འཚོལ་ཆེད་རོགས་རམ་ཞུ་རྒྱུ་ཡིན་འདུག་པ་བཞིན་འདི་ནས་གཞུང་འབྲེལ་མིན་པའི་སློབ་སྦྱོང་གུང་སེང་ཐོག་གསལ་བསྒྲགས་ཞུ་དགོས་ཕེབས་སོང་ན། སྲི་ཞུ་ལས་བྱེད་ནང་ནས་འགྲོ་བློ་ཡོད་རིགས་ཀྱིས་ཤེས་རིག་ལས་ཁུངས་སུ་འཚང་སྙན་ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡ འགྱངས་མེད་འབུལ་འབྱོར་ཐུབ་པ་དགོས་རྒྱུ་དང་།
འོས་ཆོས་ཆ་རྐྱེན་ཇི་དགོས་གཤམ་གསལ།
༡། སྲི་ཞུ་བ་རང་ཉིད་ལས་བྱེད་བླང་དོར་དང་ཐོབ་ཐང་གི་སྒྲིག་གཞིའི་དོན་ཚན་ཉེར་གཉིས་པའི་ནང་གསེས་ ང༽ པ་ལྟར་ཞབས་ལོ་ ༥ ཧྲིལ་པོ་ལོན་པ་ཞིག་དགོས།
༢། དོན་ཚན་ཉེར་གཉིས་པའི་ནང་གསེས་ ཁ༽ ག༽ ཅ༽ ཆ༽ བཅས་ལག་བསྟར་བྱ་རྒྱུར་མོས་མཐུན་ཡོད་དགོས།
༣། གཞུང་ཞབས་འདེམས་བསྐོ་ལྷན་ཁང་ནས་དགག་ཆ་མེད་པའི་ངོས་སྦྱོར་ངོ་མ་འབུལ་དགོས།
༤། ཤེས་ཚད་ཐད་ཉེ་བའི་གཙུག་ལག་རབས་འབྱམས་པ་ཐོན་པ་ཞིག་ཡིན་དགོས།
༥། འདེམས་ཐོན་བྱུང་བའི་ལས་བྱེད་དང་ཤེས་རིག་ལས་ཁུངས་གཉིས་དབར་གན་རྒྱ་འཇོག་དགོས་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༧ ལ།།
Secretary
Department of Education CTA
Distt. Kangra
Dharamsala-176215
Himachal Pradesh
Ph:01892-226695, 222721,222572
Fax:01892-223481
Email:[email protected]; [email protected] Website:www.tcewf.org or www.sherig.org/tb