༢༠༡༤ ཟླ་ ༡༡ ཚེས་ ༧ རེས་གཟའ་པ་སངས།
༄༅། །ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་བྷུན་ཏར་དགེ་འོས་མཐོ་སློབ་ཁང་དུ་འགན་འཛིན་ལས་རོགས་གཅིག་བོད་མའི་སྒྲིག་འཛུགས་ཀྱི་ཟུང་དྲུང་གི་ཕོགས་རིམ་ (ད་ལྟའི་ཆར་ཟླ་རེར་སྒོར་ ༢༡༢༥༦།) ཚད་མཉམ་ཐོག་ཆོད་གན་ངོ་བོར་བསྐོ་གཞག་གནང་རྒྱུ་ཡིན་པས། ཆ་རྐྱེན་ཚང་ཞིང་ལས་སྣེར་ཞུགས་བློ་ཡོད་རིགས་ཚོས་ཤེས་རིག་དྲ་ཚིགས། (www.sherig.org)ནས་འགེངས་ཤོག་ཕབ་བཤུས་ཀྱིས་ཞིབ་བཀང་སྟེང་སོ་སོའི་ལག་འཁྱེར་ཡིག་ཆ་ཁག་དང་སྦྲགས་འཚང་སྙན་གཤམ་གསལ་ཁ་བྱང་ཐོག་ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༣༡ ནས་འགྱངས་མེད་འབུལ་དགོས་པ་དང་། འཚང་སྙན་ནང་སོ་སོའི་ཞལ་དཔར་ཨང་དང་ཨི་མེལ་ཁ་བྱང་ (e-mail)ངེས་པར་འཁོད་དགོས། ངོ་འཕྲད་འདེམས་རྒྱུགས་དངོས་གཞིའི་ཉིན་ཞིབ་འཇུག་ཆེད་ལག་འཁྱེར་ངོ་མ་མཉམ་འཁྱེར་དགོས་པ་དང་། ཆ་རྐྱེན་ཚང་བའི་སྙན་འབུལ་བ་རྣམས་ལ་ངག་རྒྱུགས་ལམ་ནས་འདེམས་སྒྲུག་གིས་གཉིས་མོས་ཆོད་གན་འཇོག་རྒྱུ་ཡིན།
དགོས་ངེས་ཆ་རྐྱེན།
༡་ ངོས་འཛིན་ཡོད་པའི་མཐོ་རིམ་གཙུག་ལག་སློབ་ཁང་གང་རུང་ནས་ཉུང་མཐར་ཨང་སྡེ་གཉིས་པའི་ནང་ ༼བརྒྱ་ཆ་ ༥༠ ཡན་ལོན་པ་༽ གཙུག་ལག་རབ་འབྱམས་པ་ (Master’s degree) ལག་འཁྱེར་ཐོག B. Ed ཐོན་པའི་ལག་འཁྱེར་དང་། དགེ་རྒན་དང་འཛིན་སྐྱོང་ཉམས་མྱོང་ཉུང་མཐར་ལོ་ ༥ ཡོད་དགོས།
༢་ དྭང་བླངས་དཔྱ་དངུལ་ལག་དེབ་ཀྱི་ཤོག་ངོས་དང་པོ་དང་། གཉིས་པ། མཐའ་མ་བཅས་ཀྱི་ངོ་བཤུས།
༣་ གནས་ཡུལ་རྒྱལ་ཁབ་ཏུ་གནས་སྡོད་ཆོག་པའི་ལག་འཁྱེར་ (R.C.) ཤོག་གྲངས་དང་པོ་དང་། དུས་འགྱངས་ཞུས་པའི་མཐའ་མའི་ངོ་བཤུས། ཡང་ན། གནས་ཡུལ་རྒྱལ་ཁབ་ཀྱི་མི་སེར་བྱས་ཡོད་ཚེ་བོད་མི་ཡིན་པའི་འབྲེལ་ཡོད་ས་གནས་འགོ་འཛིན་གྱི་ངོས་སྦྱོར་འབུལ་དགོས།
༤་ སྨན་ཁང་ཚད་ལྡན་ཞིག་ནས་གཟུགས་བདེ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་སྟེང་རང་ཉིད་ཀྱི་འདྲ་པར་མཉམ་སྦྱར་ཐོག་སྨན་པའི་ལས་དམ་དང་མཚན་རྟགས་འཁོད་པ་ངོ་མ།
༥་ ད་ལྟ་སྡེ་ཚན་གང་རུང་དུ་ལས་ཀ་བྱེད་མུས་ཡིན་ཚེ་ལས་ཡུལ་དེ་ནས་དགག་ཆ་མེད་པའི་ངོས་སྦྱོར།
༦་ གོང་གསལ་ལག་འཁྱེར་དང་ཡིག་ཆ་ཁག་གི་ཐོག་ས་གནས་འགོ་འཛིན་ནམ། བོད་མིའི་སློབ་གྲྭའི་སློབ་སྤྱི་སུ་རུང་གི་དག་མཆན་ལས་དམ་འཁོད་དགོས་པ་བཅས། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༦ ལ།།
The Secretary
Department of Education, CTA
Gangchen Kyishong
Dharamsala – 176215, Distt. Kangra H.P. India