༢༠༡༤ ཟླ་ ༡༡ ཚེས་ ༦ རེས་གཟའ་ཕུར་བུ།
༄༅། །ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢༨ ཉིན་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་དང་སྤྱི་འཐུས་རྒྱུན་ལས་ནས་ནང་སྲིད་བཀའ་བློན་མཆོག་ལ་བསྔགས་བརྗོད་གནས་འཕྲིན་ཞིག་གནང་བའི་ནང་འཁོད་དོན།
དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་ཚོགས་གཙོ་སྦྲེལ་པོ་མཆོག་གི་སར་ཆེད་ཕེབས་ཀྱིས་བོད་མི་གཞིས་ཆགས་སྐོར་རྒྱ་གར་གཞུང་གི་སྲིད་བྱུས་ ༢༠༡༤ The Tibetan Rehabilitation Policy 2014 ཞེས་པ་གཏན་འབེབས་གནང་བའི་ཡིག་ཆ་ཕུལ་འབྱོར་བྱུང་བ་སྤྱི་འཐུས་རྒྱུན་ལས་ལྷན་རྒྱས་སུ་སྙན་གསན་གནང་བར་ད་ལྟའི་སྲིད་བྱུས་གཏན་འབེབས་བྱུང་ཐུབ་པར་ལེགས་གསོའི་བསྔགས་བརྗོད་ཞུ་རྒྱུ་ཡིན་ཞེས་ཕེབས་པ་སྙན་གསན་གནང་ལུགས་ཡོང་བ་དགོངས་མངའ་མཁྱེན། ཞེས་འཁོད་འདུག