༢༠༡༤ ཟླ་ ༡༡ ཚེས་ ༢༤ རེས་གཟའ་ཟླ་བ།
༄༅། །རྒྱ་གར་དབུས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་ལྷན་ཁང་ (NCERT) ནས་ལོ་ལྟར་བོད་མི་སྐྱབས་བཅོལ་བའི་སློབ་ཕྲུག་ཆེད་དམིགས་བསལ་ (B.Sc B.Ed) ཟུར་བཅད་ཞབས་སྟེགས་བཞི་གནང་མུས་དེ་ལྟར་ཡང་འདི་ལོ་ ༢༠༡༥ སློབ་དུས་ནས་ (NCERT)གོ་སྒྲིག་འོག་ Common Entrance Examination (CEE) ཞེས་པའི་ཚུད་རྒྱུགས་ནང་འགྲན་ཞུགས་གནང་དགོས་པར་སོང་། ཞུགས་བློ་ཡོད་པའི་སློབ་ཕྲུག་ཡོངས་ནས་ངེས་པར་དུ་གོང་གསལ་ཚུད་རྒྱུགས་ཆེད་དྲྭ་ཚིགས་ http://www.ncert.nic.in/index.html ཡང་ན་ http://www.rieajmer.raj.nic.in/ བརྒྱུད་ནས་དེབ་འགོད་གནང་དགོས་པ་ལམ་སྟོན་ཞུ་རྒྱུ་དགོས་པ་དང་། དེ་འབྲེལ་སློབ་ཕྲུག་དེ་ཉིད་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་སྐབས་ཉུང་མཐར་བརྒྱ་ཆ་ ༦༠ ངེས་པར་ལེན་དགོས་པ་གསལ་བསྒྲགས་དགོས་རྒྱུ་གསུངས་པ་ལྟར། འདི་ནས་ཚུད་རྒྱུགས་ཀྱི་བརྒྱ་ཆ་རྩེ་བཏོག་གི་ཟུར་བཅད་ས་མིག་འདི་ཐོག་རྒྱབ་གཉེར་ཞུ་རྒྱུ་ཡིན་ན། དེ་དོན་སློབ་ཕྲུག་དང་བཅས་པ་ཚང་མས་ཐུགས་སྣང་དགོས་པའི་གསལ་བསྒྲགས་སུ། ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༡༩ ལ།