༢༠༡༤ ཟླ་ ༡༠ ཚེས་ ༨ རེས་གཟའ་ལྷག་པ།
༄༅། །འདི་གར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༨། ༩། ༡༠ བཅས་སུ་ཀ་སྦུག་བོད་མིའི་སློབ་གྲྭ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་རྒྱུ་ལྟར། ཕྱི་ཚེས་ ༡༠ ཉིན་མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གདན་ཞུས་ལྟར། གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད།
དེ་ཡང་དཔལ་ལྡན་ཚོགས་གཙོ་མཆོག་འདི་ཟླའི་ཚེས་ ༨ ཉིན་གྱི་སྔ་དྲོ་རྡ་ས་ནས་ཅན་རྡི་སྒར་བརྒྱུད་ལྡི་ལིར་ཕེབས་ཐོན་གནང་སྟེ་ཕྱི་ཚེས་ ༩ ཉིན་ལྡི་ལི་ནས་བྷག་ཌོ་ར་ (Bagdora) བརྒྱུད་ཀ་སྦུག་ཏུ་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༡༠ ཉིན་ཀ་སྦུག་བོད་མིའི་གཏན་སློབ་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོར་མཉམ་ཞུགས་ཀྱིས་ཕྱི་ཚེས་ ༡༡ ཉིན་ཀ་སྦུག་ས་གནས་བོད་མིར་གསུང་བཤད་གནང་རྒྱུ། ཕྱི་ཚེས་ ༡༢ ཉིན་ཀ་སྦུག་ནས་བྷག་ཌོ་ར་བརྒྱུད་ལྡི་ལི་དང་དེ་ནས་ཕྱི་ཚེས་ ༡༣ ཉིན་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག