༢༠༡༤ ཟླ་ ༡༠ ཚེས་ ༡༤ རེས་གཟའ་མིག་དམར།
༄༅། །བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ན་གཞོན་རོགས་སྐྱོར་ཚན་པའི་ལས་གཞིའི་འོག་རྡ་ས་མེག་གྷན་སྐྲ་བཟོའི་སྦྱོང་བརྡར་ཁང་དུ་སྐྲ་བཟོའི་དགེ་རྒན་ལས་རོགས་་ཤིག་དགོས་པར་གཞུང་ཞབས་ལས་དོའི་ཕོགས་རིམ་ཚད་མཉམ་གླ་ཕོགས་ཐོག་ཆོད་གན་དུ་བསྐོ་གཞག་ཞུ་རྒྱུར་སོང་། གོང་གསལ་ལས་འགན་ཐོག་ཞབས་ཞུའི་འདོད་བློ་ཡོད་རིགས་ནས་གཤམ་གསལ་དགོས་ངེས་ཆ་རྐྱེན་དང་རང་ཉིད་ཀྱི་སྙན་ཞུ། སྡོད་གནས་དང་གློག་འཕྲིན་ཁ་བྱང་། ཞལ་པར་ཨང་གྲངས་བཅས་ཁ་གསལ་བཀོད་དེ་གཤམ་གསལ་ཁ་བྱང་ཐོག་ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༣༡ འགྱངས་མེད་འབུལ་འབྱོར་ཐུབ་པ་དགོས་རྒྱུ་དང་། གོང་འཁོད་དུས་བཀག་རྗེས་འཚང་སྙན་འབྱོར་རིགས་ལ་ངོས་བཞེས་གནང་རྒྱུ་མིན། སྐྲ་བཟོའི་དགེ་རྒན་ཐོག་ཉམས་མྱོང་ཡོད་རིགས་ལ་དམིགས་བསལ་གྱི་གོ་སྐབས་ཕུལ་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། ནང་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༣ ལ།
དགོས་ངེས་ཆ་རྐྱེན།
༡། ཤེས་ཚད་དང་སྐྲ་བཟོའི་ལག་འཁྱེར་གྱི་ངོ་བཤུས།
༢། དོ་བདག་གི་འདྲ་པར་མཉམ་ལོ་རྒྱུས་སྙིང་བསྡུས།
༣། དོ་བདག་གི་དཔྱ་ཁྲལ་ལག་དེབ་འབུལ་འབབ་ཆ་ཚང་གཙང་འབུལ་ཟིན་པའི་ཤོག་གྲངས་དང་པོ་དང་མཐའ་
མའི་ངོ་བཤུས།
༤། གནས་ཡུལ་རྒྱ་གར་ནང་ཁྲིམས་མཐུན་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་ཀྱི་ངོ་བཤུས།
༥། གོང་འཁོད་ངོ་བཤུས་ཡིག་ཆའི་སྟེང་ས་གནས་འགོ་འཛིན་ནམ་གཞུང་ཞབས་ཟུང་དྲུང་ཡན་ནས་དག་མཆན་ཞུ་དགོས།
༦། གལ་སྲིད་ད་ལྟ་སྤྱི་སྒེར་སྡེ་ཚན་གང་རུང་ནང་ལས་ཀ་བྱེད་མུས་རིགས་ཡིན་ཚེ་སྡེ་ཚན་དེའི་འགན་འཛིན་ནས་དགག་ཆ་མེད་
པའི་ངོས་སྦྱོར་དགོས་རྒྱུ།
འབྲེལ་བ་བྱ་ཡུལ་ཁ་བྱང་།
Secretary
Department of Home
Central Tibetan Administration
Gangchen Kyishong
DHARAMSALA-176215.H.P.
Ph : 01892-222214, 222412 E-mail : [email protected]