༢༠༡༤ ཟླ་ ༡༠ ཚེས་ ༩ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་སྦེང་ལོར་ནི་ལ་མང་གྷ་ལ་ལས་རིགས་སྦྱོང་བརྡར་བསྟི་གནས་ཁང་དུ་ཚོང་རྩིས་ (B.Com) ཐོན་པའི་རྩིས་པ་ཚད་ལྡན་ཞིག་དགོས་པར་གཞུང་ཞབས་ལས་དོའི་ཕོགས་རིམ་ཚད་མཉམ་གླ་ཕོགས་ཐོག་ཆོད་གན་དུ་བསྐོ་གཞག་ཞུ་རྒྱུ་ཡིན་ན། གོང་གསལ་ལས་འགན་ཐོག་ཞབས་ཞུའི་འདོད་བློ་ཡོད་རིགས་ནས་གཤམ་གསལ་དགོས་ངེས་ཆ་རྐྱེན་དང་རང་ཉིད་ཀྱི་ཞུ་སྙན། སྡོད་གནས་དང་གློག་འཕྲིན་ཁ་བྱང་། ཞལ་པར་ཨང་གྲངས་བཅས་ཁ་གསལ་བཀོད་དེ་གཤམ་གསལ་ཁ་བྱང་ཐོག་ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢༥ འགྱངས་མེད་འབུལ་འབྱོར་ཐུབ་པ་དགོས་རྒྱུ་དང་། གོང་འཁོད་དུས་བཀག་རྗེས་འཚང་སྙན་འབྱོར་རིགས་ལ་ངོས་བཞེས་གནང་རྒྱུ་མིན། རྩིས་པའི་ལས་འགན་ཐོག་ཉམས་མྱོང་ཡོད་རིགས་ལ་དམིགས་བསལ་གོ་སྐབས་ཕུལ་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ།ནང་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༨ ལ།
དགོས་ངེས་ཆ་རྐྱེན།
༡། ཤེས་ཚད་ལག་འཁྱེར་ངོ་བཤུས།
༢། དོ་བདག་གི་འདྲ་པར་མཉམ་རང་གི་ལོ་རྒྱུས་སྙིང་བསྡུས། (Resume)
༣། དོ་བདག་གི་དཔྱ་ཁྲལ་ལག་དེབ་འབུལ་འབབ་ཆ་ཚང་གཙང་འབུལ་ཟིན་པའི་ཤོག་གྲངས་དང་པོ་དང་མཐའ་མའི་ངོ་བཤུས།
༤། སྨན་ཁང་ཚད་ལྡན་ནས་ནད་གཅོང་དང་འགོས་ནད་རིགས་མེད་པའི་གཟུགས་ཐང་ལས་འཕེར་ཡིན་པའི་ཡིག་ཆ།
༥། གནས་ཡུལ་རྒྱ་གར་ནང་ཁྲིམས་མཐུན་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་ངོ་བཤུས།
༦། གོང་འཁོད་ངོ་བཤུས་ཡིག་ཆའི་སྟེང་ས་གནས་འགོ་འཛིན་ནམ་གཞུང་ཞབས་ཟུང་དྲུང་ཡན་ནས་དག་མཆན་ཞུ་དགོས།
༧། གལ་སྲིད་ད་ལྟ་སྤྱི་སྒེར་སྡེ་ཚན་གང་རུང་ནང་ལས་ཀ་བྱེད་མུས་རིགས་ཡིན་ཚེ། སྡེ་ཚན་དེའི་འགན་འཛིན་ནས་དགག་ཆ་མེད་པའི་ངོས་སྦྱོར་དགོས་རྒྱུ།
འབྲེལ་བ་བྱ་ཡུལ་ཁ་བྱང་།
Secretary
Department of Home
Central Tibetan Administration
Gangchen Kyishong
DHARAMSALA-176215.
H.P-
Ph : 01892-222214, 222412 E-mail : [email protected]