༢༠༡༤ ཟླ་ ༡༠ ཚེས་ ༡༠ རེས་གཟའ་པ་སངས།
༄༅། །འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་སྡེ་ར་ལྡུན་མངོན་དགའ་བོད་ཕྲུག་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭར་ཕ་ཚབ་བམ་མ་ཚབ་གཅིག་གི་ས་སྟོང་ཡོད་ན། གཤམ་གསལ་ཆ་རྐྱེན་ཚང་ཐོག་ཞུགས་བློ་ཡོད་རིགས་ནས་ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༡༠ དགོང་མོ་ཆུ་ཚོད་ ༥ འགྱངས་མེད་འདི་གར་འཚང་སྙན་འབུལ་དགོས།
དགོས་ངེས་ཆ་རྐྱེན་ཁག
༡། ཉུང་མཐར་འཛིན་རིམ་ལྔ་པ་ཐོན་པ།
༢། དབང་པོ་སྐྱོན་ཅན་གྱི་སློབ་ཕྲུག་ཚོར་བྱམས་བརྩེའི་ངང་ཞབས་ཞུ་སྒྲུབ་འདོད་ཡོད་པ།
༣། གཟུགས་གཞི་བདེ་ཐང་ལས་འཕེར་ཡིན་པའི་རང་གཞུང་གི་སྨན་པ་ཚད་ལྡན་ནས་ངོས་སྦྱོར་ངོ་མ།
༤། རྒྱ་གར་ནང་གནས་སྡོད་ཆོག་པའི་ཁྲིམས་མཐུན་ལག་དེབ་ཀྱི་ངོ་བཤུས།
༥། བོད་མིའི་དཔྱ་དངུལ་དུས་འབུལ་ཞུ་བཞིན་པའི་ལག་དེབ་ཀྱི་ངོ་བཤུས།
༦། རང་ལོ་ ༤༥ མ་བརྒལ་བ།
༧། ད་ལྟ་ལས་ཀ་བྱེད་མུས་ཡིན་ཚེ་འབྲེལ་ཡོད་ནས་དགག་བྱ་མེད་པའི་ངོས་སྦྱོར་ངོ་མ།
༨། རང་ལོ་ ༥ མན་གྱི་ཕྲུ་གུ་མཉམ་སྦྱར་མེད་པ་དང་། མ་ཚབ་བསྐོ་གཞག་རྗེས་མངལ་ཆགས་མཚམས་ལས་གནས་ནས་རྩ་དགོངས་གནང་རྒྱུ།
༩། གཤིས་སྤྱོད་ལག་འཁྱེར་གྱི་ངོ་བཤུས།
ཟླ་རེར་རྩ་ཕོགས་སྒོར་ ༦༩༠༠།༠༠ དང་ཐོབ་ཐང་གཞན་ཁག་འདི་གའི་སྒྲིག་གསལ་བཞིན་འཐོབ་རྒྱུ། གོང་གསལ་ཡིག་ཆ་ཁག་གི་ངོ་བཤུས་སྟེང་གཞུང་ཞབས་གནས་རིམ་ཟུང་འབྲེལ་དྲུང་ཆེ་ཡན་ནམ། ས་གནས་འགོ་འཛིན་ཞིག་ནས་དག་མཆན་ཞུས་ཏེ་འཚང་སྙན་མཉམ་དུ་འབུལ་དགོས་པའི་ཐོག་སྙན་ཞུའི་ནང་སོ་སོ་ཁ་བྱང་དང་། ཁ་དཔར་ཨང་། མྱུར་འཕྲིན་དང་གློག་འཕྲིན་ཨང་ཨིའི་མེལ་སོགས་ཇི་ཡོད་ངེས་པར་ཁ་གསལ་འབུལ་དགོས་པ་བཅསཀྱི་གསལ་བསྒྲགས་སུ། སྡེ་ར་ལྡུན་མངོན་དགའ་བོད་ཕྲུག་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭའི་ལས་ཁང་ནས་ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༤ ལ།
ཞུ་སྙན་འབུལ་ཡུལ།
The Director,
Ngoenga School for Tibetan Children with Special Needs,
S.D.Road, P.O.Kulhan-248001,
Dehradun,Uttarakhand,
Email: [email protected],
Phone No. 0135-2607688, 2607128